Saturday, 31 October 2026

རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན།

introduction divine descent 01

རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན།

ས་ག་ཟླ་བ་དང་། ཆོས་འཁོར་དུས་ཆེན་དང་། ལྷ་བབས་དུས་ཆེན་དང་། ཆོ་འཕྲུལ་དུས་ཆེན་བཅས་ལ་སྟོན་པའི་དུས་ཆེན་རྣམ་བཞི་ཟེར། ལོ་ལྟར་བོད་རྒྱུད་རྒྱལ་བསྟན་རྗེས་འཇུག་པ་རྣམས་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ལྷ་བབས་དུས་ཆེན་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ཡང་ལྷ་བབས་དུས་ཆེན་ནི་སྟོན་པ་ཐུགས་རྗེ་ཅན་གྱི་ཡུམ་སྒྱུ་འཕྲུལ་མ་འདས་ནས་ལྷ་ཡུལ་དུ་སྐྱེས་པ་དེར་དྲིན་ལན་བསབ་ཕྱིར། ལྷ་ཡུལ་དུ་ཕེབས་ནས་ཡུམ་སྒྱུ་འཕྲུལ་མ་གཙོ་བྱས་པའི་ལྷ་རྣམས་ལ་ཞག་དགུ་བཅུའི་བར་དུ་ཆོས་གསུངས་ཤིང་། ལྷ་གནས་སུམ་ཅུ་རྩ་གསུམ་དུ་དབྱར་ཞལ་བཞེས་ཀྱིས་བཞུགས་པར། རྒྱལ་པོ་གསལ་རྒྱལ་གྱིས་སྟོན་པ་དྲན་ནས་མོའུ་འགལ་བུ་སུམ་ཅུ་རྩ་གསུམ་དུ་མངགས་ཏེ་སྟོན་པ་མི་ཡུལ་དུ་འབྱོན་པར་གསོལ་བ་ན། ཞག་བདུན་གྱི་རྗེས་སུ་སྟོན་པ་ལྷ་མིའི་འཁོར་དང་བཅས་ཏེ་གཡས་ནས་ཚངས་པ་དང་། གཡོན་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཕེབས་བསུ་ཞུས་ནས་རིན་པོ་ཆེ་སྣ་གསུམ་ལས་གྲུབ་པའི་རྫུ་འཕྲུལ་གྱི་སྐས་འཛེག་ལ་བརྟེན་ནས། རྒྱ་གར་གྱི་གྲོང་ཁྱེར་གསལ་ལྡན་དུ་བབས་པར་མཛད་པའི་ཉིན་དེ་ལྷ་བབས་དུས་ཆེན་ལ་ངོས་འཛིན་བྱེད་ཅིང་། གནས་དེར་སྐྱེ་བོ་རྣམས་ཀྱིས་དྲན་རྟེན་གྱི་ཆེད་དུ་ལྷ་བབས་མཆོད་རྟེན་བཞེངས་པ་སོགས་ཀྱིས་ལྷ་བབས་དུས་དྲན་གྱི་སྲོལ་བཟང་དར་བ་ནས་དུས་ད་ལྟའི་བར་འཛམ་གླིང་ས་ཕྱོགས་གང་སར་ལོ་རེར་ཁོང་གི་མཛད་པ་དང་བཀྲིན་རྗེས་དྲན་གྱི་དུས་ཆེན་འདི་དུ་སྲུང་བརྩི་བྱེད་བཞིན་པ་འདིའོ།།

གཤམ་གྱི་དྲ་ཐག་རྒྱུད་ཐུབ་ཆོག་བྱིན་རླབས་གཏེར་མཛོད་གྱི་ཐོག་ནས་ཉིན་དེར་ཆོས་ཀྱི་ཉམས་བཞེས་གནང་འཐུས།

ཐུབ་ཆོག་བྱིན་རླབས་གཏེར་མཛོད།




རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན།

རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན། ས་ག་ཟླ་བ་དང་། ཆོས་འཁོར་དུས་ཆེན་དང་། ལྷ་བབས་དུས་ཆེན་དང་།  ཆོ་འཕྲུལ་དུས་ཆེན་ བཅས་ལ་སྟོན་པའི་དུས་ཆེན་རྣམ་བཞི་ཟེར།...