༡༽ མཐུན་པའིི་ཡུལ་ནིི། ཡོོན་ཏན་ལྔ་དང་ལྡན་པའིི་ཡུལ་ཏེེ། ཟས་གོོས་ལ་སོོགས་པ་རྙེེད་སླ་བ་དང་། གཅན་གཟན་མིི་བསྲུན་པ་དང་དགྲ་ལ་སོོགས་པ་མིི་གནས་པས་གནས་བཟང་བ་དང་། ནད་མིི་བསྐྱེེད་པའིི་ས་ཡིིན་པས་ས་བཟང་པོོ་དང་། ཚུལ་ཁྲིིམས་དང་ལྟ་བ་མཚུངས་པའིི་གྲོོགས་དང་ལྡན་པས་གྲོོགས་བཟང་བ་དང་། ཉིིན་མོོ་སྐྱེེ་བོོ་མང་པོོ་མེེད་ཅིིང་མཚན་མོོ་སྒྲ་ཆུང་བས་ལེེགས་པར་ལྡན་པའོོ། །
༢༽ འདོད་ཆུང་གི་སེམས་ནི། གོོས་ལ་སོོགས་པ་བཟང་པོོའམ་མང་པོོ་ལ་ལྷག་པར་ཆགས་པ་མེེད་པའོོ། །
༣༽ ཆོོག་ཤེེས་ཀྱི་སེམས་ནི། གོོས་ལ་སོོགས་པ་ངན་ངོོན་ཙམ་རྙེེད་པས་ཆོོག་ཤེེས་པའོོ། །
༤༽ བྱ་བ་མང་པོོ་ཡོོངས་སུ་སྤངས་པའི་སེམས་ནིི། ཉོོ་ཚོོང་ལ་སོོགས་པའིི་བྱ་བ་ངན་པ་དང་ངོ་ཤེས་རྣམས་དང་ཧ་ཅང་འདྲིས་བཤེེས་བྱེེད་པ་་སྤངས་པའོོ། །
༥༽ ཚུལ་ཁྲིིམས་རྣམ་པར་དག་པ་ནིི། མཁས་བླངས་པའི་སྡོོམ་པ་རང་བཞིིན་དང་བཅས་པའིི་ཁ་ན་མ་ཐོོ་བའིི་བསླབ་པའིི་གཞིི་མིི་འདྲལ་བ་དང་བག་མེེད་པས་རལ་ནའང་། འགྱོད་པས་ཕྱིིར་འཆོས་པར་བྱེེད་པའོོ། །
༦༽ འདོད་པ་ལ་སོོགས་པའིི་རྣམ་རྟོོག་ཡོོངས་སུ་སྤངས་པའི་སེམས་ནིི། འདོད་པ་རྣམས་ལ་གསོོད་པ་དང་འཆིང་བ་ལ་སོོགས་པ་ཚེེ་འདིའིི་ཉེེེས་དམིིགས་དང་ངན་འགྲོར་འགྲོ་བ་སོོགས་ཕྱིི་མའིི་ཉེེས་དམིིགས་བསྒོོམས་ནས་སམ། ཡང་ན་འཁོར་བའིི་དངོོས་པོོ་ཡིིད་དུ་འོོང་མིི་འོོང་ཐམས་ཅད་ནིི་འཇིིག་པའིི་ཆོོས་ཅན་མིི་རྟག་པར་འགྱུར་ན་བདག་དེེ་ལ་ཅིི་ཞིིག་ལྷག་པར་ཆགས་པ་ལ་སོོགས་པར་འགྱུར་སྙམ་དུ་བསྒོོམས་ལ་འདོད་པའིི་རྣམ་རྟོོག་ཐམས་ཅད་སྤངས་པའོོ། །
དེེ་ལྟ་བུའིི་ཆོོས་དྲུག་ནིི་ཏིིང་ངེེ་འཛིན་བཟང་པོོ་གསར་དུ་སྐྱེེ་བ་དང་སྐྱེེས་ཟིིན་པ་མིི་ཉམས་པར་གནས་པ་དང་གོོང་ནས་གོོང་དུ་འཕེལ་བའིི་རྒྱུ་རྐྱེེན་གྱིི་གནད་བསྡུས་པ་སྟེེ། ཁྱད་པར་དུ་ཚུལ་ཁྲིིམས་དག་པ་དང་འདོད་པ་ལ་ཉེེས་དམིིགས་སུ་བལྟ་བ་དང་། མཐུན་པའིི་ཡུལ་ན་གནས་པ་གཙོོ་བོོ་ཡིིན་ནོོ།
ཞིི་ལྷག་གིི་ཏིིང་ངེེ་འཛིན་སྙིིང་ཐག་པ་ནས་བསྒྲུབ་པར་འདོད་པ་རྣམས་ཀྱིིས་ཞིི་གནས་ཀྱིི་ཡན་ལག་གམ་ཚོགས་ཉན་ས་ནས་གསུངས་པའིི་བཅུ་གསུམ་ལ་སོོགས་པ་ལ་འབད་པ་ཤིིན་ཏུ་གལ་ཆེེ་ཞིང་། གཞན་ཡང་ཕར་ཕྱིིན་དང་པོོ་བཞིི་ནིི་ལྔ་པ་བསམ་གཏན་གྱིི་ཚོོགས་སུ་འགྲོོ་བ་ཡིིན།
ཞིི་གནས་ནིི་རྙེེད་པ་ལ་སོོགས་པ་འདོད་པ་ལ་མིི་བལྟ་ཞིིང་། ཚུལ་ཁྲིིམས་ལ་ལེེགས་པར་གནས་ལ། སྡུག་བསྔལ་ལ་སོོགས་པ་དང་དུ་ལེེན་པའིི་ངང་ཚུལ་ཅན་དུ་གྱུར་ལ་བརྩོོན་འགྲུས་བརྩམས་ན་མྱུར་དུ་འགྲུབ་བོོ། །
ལུས་ཀྱི་གནད་བཅོས་པ།
ཐོོག་མར་ལུས་ཀྱི་གནད་བཅོས་པ་ནི་སངས་རྒྱས་པའི་ཆོས་ལུགས་ལ། སྒོམ་བྱེད་སྐབས་སུ་སྟན་ཤིིན་ཏུ་བདེེ་བར་ལུས་ཀྱི་་འདུག་ལུགས་ཐུན་མོང་མ་ཡིན་པ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་དང་མཐུན་པར་ཆོས་བདུན་དང་ལྡན་པའི་ངང་ནས་སྡོད་དགོས་པ་སྟེ།
༡༽ རྐང་པ་སྐྱིལ་ཀྲུང།
༢༽ ལག་པ་མཉམ་བཞག
༣༽ སྒལ་ཚིག་དྲང་པོར་བསྲང་བ།
༤༽ མགྲིན་པ་ཅུང་ཟད་གུག་པ།
༥༽ དཔུང་པ་རྒོད་གཤོག་ལྟར་བརྐྱངས་པ།
༦༽ མིག་སྣ་རྩེར་ཕབ་པ།
༧༽ ལྕེ་རྩེ་ཡ་རྐན་ལ་སྦྱར་བ་སྟེ་བདུན་དང་།
དེ་དག་གི་སྟེང་དབུགས་ཕྱིི་ནང་དུ་རྒྱུ་བ་སྒྲ་ཅན་དང་རྔམས་པ་དང་རྒོོད་བག་ཅན་དུ་མིི་གཏང་བར་ཅིི་ནས་ཀྱང་ཕར་རྒྱུ་ཚུར་རྒྱུ་མིི་ཚོོར་བར་དལ་བུ་དལ་བུས་འབད་པ་མེེད་པར་འཇུག་པ་བཅས་ཏེ་ལུས་ཀྱིི་ཀུན་སྤྱོོད་བརྒྱད་དང་།
གཞན་ཡང་ཐུན་གྱི་དབུར་རླུང་རོ་དགུ་ཁྲུགས་འབུད་པ་དང་ཁྱད་པར་དུ་རླུང་ཆམ་ལ་དབབ་པ་འགྲོོ་འོོང་ཉེེར་གཅིིག་ཀྱང་བསྒྲུབ་པར་བྱ་བའོོ། །
ལམ་རིམ་དང་སྦྲེལ་སྐབས་སྦྱོོར་བའིི་ཆོོས་དྲུག་དང་ཁྱད་པར་དུ་བྱང་ཆུབ་ཀྱིི་སེེམས་རིིང་དུ་བསྒོོམ་ཞིིང་དེེའིི་ཡན་ལག་ཏུ་སྐྱེེས་བུ་ཆུང་འབྲིང་དང་ཐུན་མོོང་བའིི་དམིིགས་པའིི་ངོོ་བོོ་རྣམས་ཀྱང་སྦྱང་བར་བྱའོོ། །
ཞི་གནས་ནི་དམིགས་པ་གང་རུང་ལ་སེམས་བཞག་ནས་བསྒོམ་དགོས་ཞིང་། དེ་ཡང་རི་བོ་དགེ་ལྡན་པའི་བཀའ་སྲོལ་ལྟར་ན། ཞི་གནས་སྒྲུབ་པའི་ཚེ་སངས་རྒྱས་ཀྱི་སྐུ་ལ་དམིགས་ན་ཚོགས་གསོག་སྒྲིབ་སྦྱོང་གི་ཞིང་དམིགས་པ་ལ་ཁྱད་ཆེ་བ་དང༌། གསང་སྔགས་ཀྱི་ལྷའི་རྣལ་འབྱོར་སྒོམ་པ་ལ་ཁྱད་ཆེ་བ་དང༌། སངས་རྒྱས་རྗེས་སུ་དྲན་པ་སོགས་ཀྱི་ཕན་ཡོན་ཆེ་བས་ན། སྤྱི་བོའི་བླ་མ་ལས་བླ་མ་ཤཱཀྱ་ཐུབ་པ་མཐེབ་སོར་ཙམ་ཞིག་ཆད་དེ་སྨིན་མཚམས་ཀྱི་ཐད་དམ། ལྟེ་བའི་ཐད་གང་རུང་དུ་བཞུགས་པ་ལ་དམིགས་པའམ། ཡང་ན་རང་ཤཱཀྱ་ཐུབ་པར་གྱུར་པ་ལ་དམིགས་པ་དང༌།
ཡང་གང་ཟག་འགའ་ཞིག་ལ་དམིགས་རྟེན་གཟུགས་ཅན་ལས་གཟུགས་མེད་འཆར་བདེ་བ་འབྱུང་བས། དེ་འདྲ་དག་གིས་ནི། རྗེའི་ལམ་རིམ་ཆུང་ངུའི་དགོངས་པ་པཎ་ཆེན་ཆོས་རྒྱན་གྱིས་སྲོལ་ཕྱེས་པ་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ལས་སེམས་ལ་དམིགས་པའི་ཞི་གནས་སྒྲུབ་ཚུལ་གསུངས་པ་ལྟར་བྱ་ཆོག་ཅིང༌། དེ་ནི་སེམས་ངོ་བལྟ་བ་དང་ཕྱོགས་མཚུངས།
ཡང་བསྐྱེད་རིམ་དང་སྦྲགས་ནས་ལྷ་སྐུ་དང༌། རྫོགས་རིམ་དང་སྦྲགས་ནས་ཨ་ཤད་ལ་དམིགས་ནས་ཀྱང་སྒྲུབ་ཏུ་རུང་ངོ་། །
སློབ་དཔོན་པདྨའི་ངང་ཚུལ་གྱིས་སྒོམ་རིམ་དུ་དམིགས་པ་ལ། ཁྱབ་པའི་དམིགས་པ་དང་། སྤྱད་པ་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་བཅས་བཞིར་དབྱེའོ། །
ཞི་གནས་ཇི་ལྟར་སྒོམ་པའི་ཚུལ།
ཞི་གནས་བསྒོོམ་པ་ལ་འཇུག་པའིི་ཚེེ་གོང་དུ་བཤད་པའི་གཞི་གནས་ཀྱི་ཚོགས་ལ་གནས་པའི་སྟེང་། ལུས་གནད་བཅོས་ཏེ། རླུང་ཆམ་ལ་དབབ་པ་འགྲོོ་འོོང་ཉེེར་གཅིིག་བགྲང་བ་རྟོོག་པ་ཕྱིི་རོོལ་དུ་གཡེེང་བ་ལྡོོག་པའིི་ཐབ་ཁྱད་པར་ཅན་སྔོན་དུ་བྱའོ། །
སེེམས་དམིིགས་པ་ལ་གཏོོད་པའིི་སྔོོན་དུ་ལེེ་ལོོ་འགོག་དགོོས་ཤིིང་། དེེ་ཡང་ལེེ་ལོོ་རྩ་བ་ནས་ལྡོོག་ཅིིང་བརྩོོན་འགྲུས་ཡོོངས་སུ་རྫོོགས་པ་ལ་ཤིིན་སྦྱངས་ཐོོབ་དགོོས། དེེ་ལ་དེེའིི་རྒྱུར་རྩོོལ་བའམ་བརྩོོན་འགྲུས་དགོོས། དེེ་ལ་ཏིིང་ངེེ་འཛིན་ལ་དོོན་གཉེེར་གྱིི་འདུན་པ་དགོོས། དེེ་ལ་དེེའིི་ཡོོན་ཏན་མཐོོང་བའིི་དད་པ་དགོོས་པས་དང་པོོར་འདུན་པའིི་རྒྱུ་ཏིིང་ངེེ་འཛིན་གྱིི་ཡོོན་ཏན་ལ་ཡིད་ཆེས་པའི་དད་པ་བསྒོོམ། དེེ་ནས་རྩོོལ་བའིི་གནས་ཏིིང་ངེེ་འཛིིན་ལ་དོོན་གཉེེར་གྱིི་འདུན་པ་སྦྱངས། དེེ་ནས་འདུན་པ་དེེ་ལ་གནས་པའིི་བརྩོོན་འགྲུས་རྩོོམ། དེེ་ལ་བརྟེེན་ནས་རྩོོལ་བའིི་འབྲས་བུ་ཤིིན་སྦྱངས་སྐྱེེ་བ་ཡིིན་ནོོ། །
ཇི་ལྟར་སྒོམ་པའི་ཚུལ་ནི་དམིགས་པ་ལ་གསལ་པོ་དང་། ངར་དང་ལྡན་པ། མི་རྟོག་པ་བཅས་གསུམ་ལྡན་ཐོག་ནས་བློའི་ཆ་ཤས་ཐམས་ཅད་དེའི་ཐོག་ཏུ་རྩེ་གཅིག་ཏུ་འཇོག་པ་ལ་ཞི་གནས་སྒོམ་པ་ཟེར།
དེེ་ལ་ཐོོག་མར་སེེམས་གང་ལ་འཛིིན་པའིི་དམིིགས་རྟེེན་རྙེེད་པའིི་ཚད་ནིི། དབུ་དང་ཕྱག་གཉིིས་དང་སྐུའིི་ཁོོག་གཞན་དང་ཞབས་གཉིིས་རིིམ་པ་བཞིིན་དུ་ལན་འགའ་ཟུང་གསལ་གདབ་ལ། དེེའིི་མཐར་སྐུའིི་སྤྱིི་ཡིིད་ལ་བྱས་པ་ན་ཡིིད་ངོོར་ཡན་ལག་རགས་པ་རྣམས་ཆ་ཕྱེེད་ཙམ་ཞིིག་འཆར་ཐུབ་པ་བྱུང་ན་འོོད་དང་བཅས་པའིི་གསལ་པོོ་མ་བྱུང་ཡང་དེེ་ཙམ་ཞིིག་གིིས་ཆོོག་ཤེེས་བྱས་ནས་དེེ་ལ་སེེམས་བཟུང་དགོོས་སོོ། །
དེ་དག་སྟོབས་དྲུག་གིས་གྲུབ་ལུགས་ནི། བླ་མའི་གདམས་ངག་ཐོས་པའི་སྟོབས་ཀྱིས་སེམས་དང་པོ་འགྲུབ། བསམ་པའི་སྟོབས་ཀྱིས་གཉིས་པ་འགྲུབ། དྲན་པའི་སྟོབས་ཀྱིས་གསུམ་པ་དང་བཞི་བ་འགྲུབ། ཤེས་བཞིན་གྱི་སྟོབས་ཀྱིས་ལྔ་བ་དང་དྲུག་པ་འགྲུབ། བརྩོན་འགྲུས་ཀྱི་སྟོབས་ཀྱིས་བདུན་པ་དང་བརྒྱད་པ་འགྲུབ། འདྲིས་པའི་སྟོབས་ཀྱིས་དགུ་བ་འགྲུབ་བོ།
དེ་དག་ཡིད་བྱེད་བཞིར་འཇོག་ཚུལ་ནི། དང་པོ་དང་གཉིས་པའི་སྐབས་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དང་། བར་བ་ལྔའི་སྐབས་ཆད་ཅིང་འཇུག་པའི་ཡིད་བྱེད་དང་། བརྒྱད་པ་ནི་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དང་། དགུ་པ་ནི་ལྷུན་གྱི་འགྲུབ་བྱེད་དུ་འཇོག་པ་ཡིན་ནོ། །
༢༽ རྒྱུན་དུ་འཇོག་པ་དེ་ནི། རྒྱུན་ཅུང་ཟད་མཐུད་ཐུབ་པ་ལ་ཟེར། སེམས་དེ་དམིགས་པའི་སྒང་དུ་རྒྱུན་ཅུང་ཟད་མཐུད་ནས་སྡོད་ཐུབ་སྟབས་རྒྱུན་ཅུང་ཟད་མཐུད་པ་དེ་ལ་རྒྱུན་དུ་འཇོག་པ་ཟེར།
༤༽ ཉེ་བར་འཇོག་པ། བྱིང་རྒོད་གཉིས་ལ་མ་ཤོར་བར་བཟུང་བ། བྱིང་རྒོད་ཞེས་པ་ནི་བྱིང་བ་དང་རྒོད་པ་སྟེ། བྱིང་བ་ལ་ཕྲ་མོ་དང་རགས་པ་གཉིས་ཡོད་ལ་རྒོད་པ་ལའང་ཕྲ་མ་དང་རགས་པ་གཉིས་རེ་ཡོད།
༥༽ དུལ་བར་བྱེད་པ། བྱིང་ན་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པ། བྱིང་བ་སྐྱེས་ཚེ་བྱིང་བ་ཕྲ་རགས་གང་ཡིན་ལ་མ་བལྟོས་པར་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ནས་སེམས་ཀྱི་དམིགས་པ་དེ་གསལ་པོ་ཡོང་བའི་ཐབས་ཤེས་བྱས་པ་དེ་ལ་བྱིང་ན་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པ་ཟེར།
༦༽ ཞི་བར་བྱེད་པ། རྒོད་ན་རྣམ་གཡེང་གི་ཉེས་དམིགས་དྲན་པ། རྒོད་པ་སྐྱེས་ནས་སེམས་དེ་ཉོན་མོངས་མ་ཡིན་པའི་སེམས་གཞན་དག་ལ་གཡེངས་ཚེ་རྣམ་གཡེང་སྟེ། ཉོན་མོངས་མིན་པའི་གཡེང་བ་གླིང་ཁར་འགྲོ་བ། ངལ་གསོ་རྒྱག་པ་སོགས་ལ་སེམས་གཡེང་ཚེ་རྣམ་གཡེང་གི་ཉེས་དམིགས་དྲན་དགོས་ཟེར། རྣམ་གཡེང་ནི། ཏིང་ངེ་འཛིན་སྐྱེ་བ་ལ་ཤུགས་རྐྱེན་ཧ་ཅང་སྡུག་པོ་ཡོད་པ་དང་། རང་གི་སེམས་ལ་རང་དབང་མ་ཐོབ་པའི་རྐྱེན་དེ་གཙོ་བོ་རྣམ་གཡེང་ཡིན་པས་རྣམ་གཡེང་གི་ཉེས་པ་དེ་དྲན་ནས་སེམས་དེ་ཚུར་འདུ་དགོས་ཟེར། དེར་བརྟེན་འདིར་རྒོད་ན་རྣམ་གཡེང་གི་ཉེས་དམིགས་དྲན་པ་ཟེར།
༩༽ མཉམ་པར་འཇོག་པ། རྩོལ་བ་མེད་པར་རང་བབས་སུ་འཇོག་པ་ལ་ཟེར།
གསུམ་པ། སེམས་གནས་པའི་ཐབས་དགུའི་ནང་གི་ཐབས་གསུམ་པ་བཞི་པ་སྟེ་གླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་གཉིས་ནི་དྲན་པའི་སྟོབས་ལ་བརྟེན་དགོས་པ་ཡིན། དེ་ནི་སྐབས་འདིར་རང་གི་བསམ་བློ་འཇོག་ས་དམིགས་པ་དེ་ཡང་ནས་ཡང་དུ་དྲན་དགོས་པ་ཡིན་པས་ན་དྲན་པ་དེ་གཙོ་ཆེ་བར་བཞག་པ་ཡིན།
བཞི་པ། སེམས་གནས་པའི་ཐབས་དགུ་ཡི་ནང་གི་ལྔ་པ་དང་དྲུག་པ་སྟེ་དུལ་བར་བྱེད་པ་དང་ཞི་བར་བྱེད་པ་ནི་ཤེས་བཞིན་གྱི་སྟོབས་ལ་བརྟེན་པ་ཡིན། དུལ་བར་བྱེད་པ་དང་ཞི་བར་བྱེད་པའི་སྐབས་སུ་ཤེས་བཞིན་གྱི་སྟོབས་དེ་ཤུགས་ཆེ་བ་ཡོད་དགོས། སེམས་གཡེང་མིན་དང་དམིགས་པ་ཤོར་ཡོད་མིན་ལ་སེམས་ཀྱི་ཟུར་གཅིག་གིས་བྱ་ར་བྱེད་པའམ་སོ་ལྟ་བྱེད་ཤུགས་ཆེ་བ་ཡོད་དགོས་པས་ཡིན།
ལྔ་པ། ཐབས་དགུའི་ནང་གི་བདུན་པ་དང་བརྒྱད་པ་གཉིས་ཏེ་རྣམ་པར་ཞི་བར་བྱེད་པ་དང་རྩེ་གཅིག་ཏུ་བྱེད་པ་དེ་ནི་བརྩོན་འགྲུས་ཀྱིས་སྟོབས་ལ་བརྟེན་པ་ཡིན། སྐབས་དེ་དུས་ཏིང་ངེ་འཛིན་སྒོམ་པར་འབད་བརྩོན་བྱེད་རྒྱུ་གཙོ་ཆེ་བ་ཡིན་པས་ན་བརྩོན་འགྲུས་ཀྱི་སྟོབས་གལ་ཆེ་བས་སོ།
དྲུག་པ། ཐབས་དགུའི་ནང་གི་དགུ་པ་སྟེ་མཉམ་པར་འཇོག་པ་ནི་འདྲིས་པའི་སྟོབས་ལ་བརྟེན་པ་ཡིན། འདྲིས་པའི་སྟོབས་དེ་སེམས་གནས་བརྒྱད་པའི་སྐབས་ཡང་ཡང་འདྲིས་པ་ལ་བརྟེན་ནས་ལྷུན་གྱིས་གྲུབ་པ་ཡིན་པས་རྩོལ་བ་ཅུང་ཟད་ཀྱང་མི་དགོས་པར་ཏིང་འཛིན་ལ་ཧྲིལ་གྱིས་འཇུག་པས་རང་གི་སེམས་ལ་རང་དབང་ཐོབ་པ། རང་གི་སེམས་དེ་དམིགས་པའི་སྟེང་དུ་རྒྱུན་རིང་ཐུང་ག་ཚོད་བཞག་ནའང་སྡོད་ཐུབ་པ་དེ་ཡིན། འདིར་འདྲིས་པའི་སྟོབས་གལ་ཆེ་བ་ཡིན་ནོ།
དེ་ཡང་དམིགས་རྟེན་དྲན་པས་མ་ཤོར་བར་བཟུང༌། དེའི་ཚེ་བྱིང་རྒོད་ཕྲ་རགས་གང་བྱུང་གྲབས་བྱས་ཀྱང༌། དེ་མ་ཐག་ཤེས་བཞིན་གྱིས་རིག་པར་བྱས་ཏེ། སོ་སོའི་གཉེན་པོ་འཕྲལ་དུ་བསྟེན་ནས་འགོག ། བྱིང་རྒོད་ཆོད་པ་ན་གཉེན་པོའི་རྩོལ་བ་མི་བྱེད་པར་དམིགས་པ་ལ་རྩེ་གཅིག་ཏུ་གནས་ཤིང༌། ཤིན་ཏུ་གསལ་བ་གསལ་ཆའི་ངར་ལྡན་དུ་སྐྱོང་དགོས།
ཕྱག་ཆེན་ལྟར་ན་ནི། དམིགས་པ་དང༌། དམིགས་པ་འཛིན་པའི་སེམས་གཉིས་ཀ་གཅིག་གིས་བྱས་ནས། དཔེར་ན། རྫི་བོས་ར་ལུག་རི་ལ་ཤོར་བ་དང་མི་ཤོར་བ་གཉིས་ཀ་ལ་བརྟགས་པ་བཞིན་དུ་རྣམ་རྟོག་སྐྱེས་པ་ན་དེའི་ངོ་བོར་བརྟགས་ནས་རང་ཞིར་བཏང་ནས་གཅོད་པ་དང༌། རྣམ་རྟོག་གཉེན་པོས་བཅད་ནས་ཞི་བ་ན་སེམས་གསལ་རིག་ལ་དམིགས་པ་སྟེ་རྣམ་རྟོག་གཅོད་ཚུལ་གཉིས་སུ་བཤད་ལ། རྒྱས་པར་ནི་དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་སྐབས་སུ་འབྱུང་བས། སེམས་ལ་དམིགས་ནས་ཞི་གནས་སྒྲུབ་འདོད་པ་རྣམས་ཀྱིས་དེ་ལས་ཤེས་དགོས་གསུངས།
གཉིས་པ་ནི། དང་པོར་གཏད་པའི་སེམས་དེ་ཉིད་གཞན་དུ་མི་གཡེང་བར་དམིགས་པ་སྟེ་དེ་ལྟར་བསྒོམས་པས་སེམས་དམིགས་པ་ལ་བཞག་ཙམ་གྱིས་རྒྱུན་ཅུང་ཟད་མཐུད་ཐུབ་པ་ནི་དཔེར་ན་མ་ཎི་ཕྲེང་བསྐོར་གཅིག་ཙམ་གྱི་རིང་བསྒོམ་ན་དེའི་རིང་མི་གཡེང་བ་འབྱུང་བ་ལྟ་བུ་ཡིན། འདིའི་ཚེ་སྐབས་རེ་རྣམ་རྟོག་ཞི་ཞིང་སྐབས་རེ་རྣམ་རྟོག་སྐྱེ་བས་རྣམ་རྟོག་ངལ་གསོ་བའི་ཉམས་འོང་། འདི་བསམ་པའི་སྟོབས་ཀྱིས་འགྲུབ། སེམས་གནས་དང་པོ་དང་གཉིས་པ་འདི་གཉིས་ལ་བྱིང་རྒོད་མང་ཞིང་གནས་པ་ཉུང་བས་ཡིད་བྱེད་བཞི་ལས་དང་པོ་བསྒྲིམས་ཏེ་འཇུག་པའི་སྐབས་ཡིན་ཞིང་གནས་པ་ལས་གཡེང་བ་རྒྱུན་རིང་བ་ཡིན་གསུངས།
གསུམ་པ་ནི། སེམས་ཕྱི་རོལ་ཏུ་ཡེངས་ན་ཤེས་པར་བྱས་ནས་སླར་ཡང་དམིགས་པ་དེ་ཉིད་ལ་འཇོག་པ་སྟེ་གོས་ལྟ་བུའི་གཞི་ལ་ལྷན་པ་བརྒྱག་པ་བཞིན། རྒྱུན་མཐུད་པའི་གཞི་དེའི་སྟེང་ནས་དམིགས་པ་ལས་གཡེངས་པ་འཕྲལ་དུ་ཤེས་ནས་སླར་དམིགས་རྟེན་ལ་གླན་ཏེ་འཇོག་པ་ལ་ཟེར་བས་འདི་དང་སྔ་མ་གཉིས་ལ་གཡེང་བ་ཡུན་རིང་ཐུང་ཡོད། འདིའང་དྲན་པ་སྟོབས་ལྡན་བསྐྱེད་པའི་དུས་ཡིན་གསུངས།
བཞི་བ་ནི། སེམས་ཡང་ཡང་དུ་བསྡུས་ཏེ་ཕྲ་བར་བྱས་ནས་འཇོག་པ་སྟེ་དྲན་པ་ཤུགས་ཅན་དུ་བསྐྱེད་ནས་དམིགས་རྟེན་ལ་འཇོག་པ་སྟེ། འདི་སན་དམིགས་རྟེན་ཤོར་མི་སྲིད་པས་སྔ་མ་གསུམ་ལས་ཁྱད་ཞུགས་པ་ཡིན། འོན་ཀྱང་དམིགས་རྟེན་མ་ཤོར་བཞིན་དུ་བྱིང་རྒོད་ཤུགས་ཆེན་པོ་འབྱུང་བས་བྱིང་རྒོད་ཀྱི་གཉེན་པོ་བསྟེན་དགོས། སེམས་གནས་གསུམ་པ་དང་བཞི་པ་འདི་གཉིས་དྲན་པའི་སྟོབས་ཀྱིས་འགྲུབ། འདི་ནས་ནར་སོན་པའི་མི་ལྟར་དྲན་པ་ནར་སོན་པའམ། དྲན་པའི་སྟོབས་རྫོགས་པ་ཡིན་གསུངས།
ལྔ་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་བསགས་ནས་དེ་ལ་དགའ་བ་སྟེ་བཞི་པའི་སྐབས་སུ་སེམས་ནང་དུ་བསྡུས་དྲགས་པས་འདིར་བྱིང་བ་ཕྲ་མོའི་ཉེན་ཆེ་བའི་ཤེས་བཞིན་སྟོབས་ལྡན་བསྐྱེད་ནས། དེས་བྱ་ར་བྱས་ཏེ་ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་སེམས་གཟེངས་བསྟོད། འདི་དང་སྔ་མ་གཉིས་ལ་བྱིང་རྒོད་རགས་པ་འབྱུང་མི་འབྱུང་གི་ཁྱད་པར་ཡོད།
དྲུག་པ་ནི། རྣམ་གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ་སྟེ་ལྔ་པའི་སྐབས་སུ་སེམས་གཟེངས་བསྟོད་དྲགས་པའི་རྐྱེན་གྱིས་འདིར་རྒོད་པ་ཕྲ་མོའི་ཉེན་ཆེ་ལ། རྒོད་པ་ཕྲ་མོ་སྐྱེས་པ་ན། དེ་རིག་པའི་ཤེས་བཞིན་སྟོབས་ལྡན་བསྐྱེད་དེ་རྒོད་པ་ཕྲ་མོ་ལའང་སྐྱོན་དུ་བལྟས་ནས་འགོག་དགོས། སྔ་མ་ལས་འདི་སྐབས་བྱིང་བ་ཕྲ་མོའི་ཉེན་ཆེ་བ་མེད་པའི་ཁྱད་ཡོད། ལྔ་པ་དང་དྲུག་པ་གཉིས་ཤེས་བཞིན་གྱི་སྟོབས་ཀྱིས་འགྲུབ། འདི་ནས་ཤེས་བཞིན་གྱི་སྟོབས་རྫོགས་པར་གསུངས།
བདུན་པ་ནི། ཆགས་སེམས་དང་ཡིད་མི་བདེ་བ་སོགས་ཞི་བར་བྱེད་པ་སྟེ་འདིའི་སྐབས་སུ་དྲན་ཤེས་ཀྱི་སྟོབས་རྫོགས་པས་བྱིང་རྒོད་སྐྱེས་དཀའ་ཡང་། དེ་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ་བྱིང་རྒོད་ཕྲ་མོ་ལའང་སྐྱོན་དུ་བལྟས་ནས་སྤོང་གང་ཐུབ་བྱེད་དགོས། འདི་དང་སྔ་མ་གཉིས་་ལ་བྱིང་རྒོད་ཕྲ་མོར་ཤོར་བའི་ཉེན་དོགས་ཆེར་བྱེད་དགོས་མི་དགོས་ཀྱི་ཁྱད་ཡོད། འདིར་བྱིང་རྒོད་ཕྲ་མོ་ཙམ་གྱི་ཉེན་ཆེར་མེད་ཀྱང་། ད་དུང་དེ་གཉིས་སྤོང་ཐབས་ལ་ནི་བརྩོན་དགོས་པ་ཡིན། ལྔ་པ་དང་དྲུག་པའི་སྐབས་བྱིང་རྒོད་ཀྱིས་ཚུར་གནོད་པའི་དོགས་པ་ཡོད་ལ། བདུན་པའི་སྐབས་འདིར་བྱིང་རྒོད་ཡང་བརྩོན་འགྲུས་ཀྱིས་བཀག་ཐུབ་པས་བྱིང་རྒོད་ཚུར་བར་དུ་ཆེར་གཅོད་མི་ནུས་གསུངས། སེམས་གནས་གསུམ་པ་ནས་བདུན་པའི་བར་གྱི་ལྔ་པོ་འདིར་ཏིང་འཛིན་ཤས་ཆེ་ཡང་བྱིང་རྒོད་སོགས་ཀྱིས་བར་དུ་གཅོད་པས་ཆད་ཅིང་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན།
བརྒྱད་པ་ནི། འབད་མེད་དུ་འཇུག་པའི་ཕྱིར་འབད་པ་སྟེ་འདིའི་སྐབས་སུ་ཐོག་མར་གཉེན་པོ་དྲན་འཛིན་གྱི་རྩོལ་བ་ཅུང་ཟད་བསྟེན་ན་ཐུན་གྱི་རིང་བྱིང་རྒོད་ཕྲ་མོའང་མེད་པར་ཐུན་འཁྱོངས་ཐུབ་པ་འབྱུང་ཞིང་། འདི་དག་གི་སྐབས་རིམ་བཞིན་དཔེར་ན་དགྲ་བོ་སྟོབས་དང་ལྡན་པ་དང་། སྟོབས་འགའ་ཞིག་ཉམས་པ་དང་། སྟོབས་རྫོགས་པར་ཉམས་པ་ལྟར་བྱིང་རྒོད་ཀྱི་སྟོབས་རིམ་བཞིན་ཉམས་པ་ཡིན་པས་བརྒྱད་པ་ནས་བཟུང་ཤེས་བཞིན་གྱི་རྩོལ་བ་བསྟེན་མི་དགོས་སོ། །སེམས་གནས་བརྒྱད་པའི་སྐབས་འདིར་རྩོལ་བ་ཅུང་ཟད་བསྟེན་ན་ཐུན་གྱི་རིང་བྱིང་རྒོད་སོགས་ཀྱིས་བར་དུ་གཅོད་པ་མེད་པས་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན། སེམས་གནས་བདུན་པ་དང་བརྒྱད་པ་བརྩོན་འགྲུས་ཀྱི་སྟོབས་འགྲུབ།
དགུ་བ་ནི། སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་སྟེ་སྐབས་འདིར་འབད་རྩོལ་དང་བྲལ་བར་འཇུག་པ་སྟེ། དེ་ཡང་བརྒྱད་པའི་སྐབས་ཡང་ཡང་འདྲིས་པ་ལ་བརྟེན་ནས་འདིར་འབད་རྩོལ་མེ་དཔར་ལྷུན་གྱིས་གྲུབ་པ་ཡིན་པས་རྩོལ་བ་ཅུང་ཟད་ཀྱང་མི་དགོས་པར་ཁ་ཏོན་བྱང་བ་ཞིག་གིས་འདོན་པ་བཏོན་པ་ལྟར་ཏིང་འཛིན་ལ་ཧྲིལ་གྱིས་འཇུག དེ་ནི་འདོད་སེམས་རྩེ་གཅིག་པའི་གཞི་གནས་རྗེས་མཐུན་པ་ཡིན། དགུ་པ་འདི་ཡོངས་སུ་འདྲིས་པའི་སྟོབས་ཀྱིས་འགྲུབ།
དེ་དག་གི་དང་པོའི་སྐབས་རྣམ་རྟོག་ངོས་ཟིན་པའི་ཉམས་དང་།
གཉིས་པའི་སྐབས་རྣམ་རྟོག་རེས་ངལ་གསོ་བའི་ཉམས།
གསུམ་པའི་སྐབས་རྣམ་རྟོག་ཐང་ཆད་པའི་ཉམས་འབྱུང་།
མདོར་ན་སེམས་གནས་དང་པོ་དང་གཉིས་པ་གཉིས་ནི་གནས་པ་རྒྱུན་རིང་ཐུང་ཡོད་ལ།
གཉིས་པ་དང་གསུམ་པ་ནི་གཡེང་བ་རྒྱུན་རིང་ཐུང་ཡོད།
གསུམ་པ་དང་བཞི་བ་གཉིས་ནི་དམིགས་རྟེན་ཤོར་སྲིད་མི་སྲིད་ཀྱི་ཁྱད་པར་ཡོད་ཅིང་།
བཞི་པ་དང་ལྔ་པ་ནི་བྱིང་བ་རགས་པ་སྐྱེ་མི་སྐྱེ་དང་།
ལྔ་པ་དང་དྲུག་པ་གཉིས་ནི་བྱིང་བ་ཕྲ་མོ་ལ་དོགས་ཟོན་དགོས་མི་དགོས་དང་།
དེར་མ་ཟད་དྲུག་པར་རྒོད་པ་ཕྲ་མོ་སྐྱེ་བའང་སྔ་མ་ལས་ཉུང་ངོ་།།
དྲུག་པ་དང་བདུན་པ་གཉིས་ནི། བྱིང་རྒོད་ཕྲ་མོ་ཤོར་ཉེན་གྱི་དོགས་ཟོན་ཆེན་པོ་དགོས་མི་དགོས་དང་།
བདུན་པ་དང་བརྒྱད་པ་ནི་བྱིང་རྒོད་ཡོད་མེད་དང་། བདུན་པའི་སྐབས་བྱིང་རྒོད་འགོག་ཙམ་ལས། དེར་ཤོར་དོགས་ཀྱི་ཉེན་ཆེར་བྱེད་མི་དགོས་ལ། དཔེར་ན་དགྲ་དང་འཐབ་ན། དེ་སྟོབས་ཞན་དུ་བཏང་ཟིན་ནས་དོགས་ཟོན་ཆེར་མི་དགོས་པར་བཀག་ཙམ་གྱིས་ཆོག་པ་བཞིན་ཡིན་པར་གསུངས།
བརྒྱད་པ་དང་དགུ་པ་ནི་འབད་རྩོལ་དང་ལྟོས་མི་ལྟོས་ཀྱི་ཁྱད་པར་ཡོད་དོ།།
གོང་དུ་བཤད་པ་ལྟར་གྱི་དམིགས་རྟེན་དེ་བཞིན་གཤེགས་པའི་སྐུའི་རྣམ་པ་ལ་སེམས་ཧ་ཅང་མི་སྒྲིམ་ཧ་ཅང་མི་ལྷོད་པར་དལ་བུའི་ཚུལ་གྱིས་དྲན་པ་དང་ཤེས་བཞིན་མ་ཉམས་པས་རྒྱུན་ཆགས་པར་སེམས་གཟུང་བར་བྱ་སྟེ། གང་དུ་དམིགས་པ་དེ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་རང་གི་སེམས་རྒྱང་བསྲིངས་ནས་དེ་ཁོ་ན་ལ་འཇོག་པར་བྱའོ། དེ་ནས་མཐར་གྱིས་བར་མ་ཆད་པར་རྩེ་གཅིག་ཏུ་འཇུག་པ་ཅི་ནུས་སུ་བྱ་སྟེ། མདོར་ན་སེམས་གནས་པའི་ཐབས་དགུས་རིམ་པར་འདོད་པའི་སེམས་རྩེ་གཅིག་པ་གྲུབ་པའི་བར་དུ་བསྒྲུབ་པར་བྱའོ།
དེ་ལ་སྐུ་སྤྱི་ལ་ལྟ་ཞིང་དམིགས་པའམ། ཁྱད་པར་དུ་འཕགས་པའི་ཆོས་ཐོབ་པ་དང་བྱིང་བ་ཞི་བའི་ཕྱིར་གཙུག་ཏོར་བལྟར་མི་མངོན་པ་ལ་ཡང་སེམས་གཟུང་བར་བྱ་ཞིང༌། ཏིང་ངེ་འཛིན་ཐོབ་པ་དང་རྒོད་པ་ཞི་བའི་ཕྱིར་ཐུགས་དཔལ་གྱི་བེའུའི་ཐད་དུ་སེམས་འཛིན་པ་དང༌། བསོད་ནམས་ཆེན་པོ་སྒྲུབ་ཅིང་བདེ་བ་ལ་རེག་པའི་ཕྱིར་སྨིན་མཚམས་ཀྱི་མཛོད་སྤུ་ཁ་བ་དུང་ལྟར་དཀར་ཞིང་གཡས་སུ་འཁྱིལ་བའི་རྣམ་པ་ལ་སེམས་འཛིན་པ་དང༌། ཆོས་ཀྱི་སྒྲ་དབྱངས་ཆེན་པོས་འཇིག་རྟེན་ཀུན་ཏུ་ཁྱབ་པར་བྱེད་ཅིང་སེམས་ཅན་རྣམས་ལ་ཆོས་འཆད་པས་ཕན་ཐོགས་པའི་ཕྱིར་གསུང་དབྱངས་ཡན་ལག་དྲུག་ཅུ་འབྱུང་བའི་གནས་མགྲིན་པ་ཆོས་ཀྱི་དུང་རི་མོ་གསུམ་དང་ལྡན་པའི་རྣམ་པ་སོགས་གང་མོས་པའི་གནས་སུ་སེམས་མི་གཡོ་བར་གཟུང་བར་བྱའོ།།
དེ་ལྟར་སེམས་གཟུང་བ་ན་ཐོག་མ་ཉིད་དུ་སྦྲུལ་ལ་བཟུང་བ་ལྟར། ཤིན་ཏུ་མི་སྲུན་ཞིང་རྒོད་པའི་རྣམ་པ་དང་བཅས་ན་ཉམས་དང་པོ་རི་གཟར་གྱི་ཆུ་ལྟ་བུ་གཡོ་བའི་ཉམས་ཞེས་བྱ་སྟེ། དེའི་ཚེ་ན་དེ་དག་འདི་སྙམ་དུ་རང་གི་སེམས་ནི་འདི་ལྟར་རྟག་ཏུ་གཡོ་བ་སྟེ། དཔུང་བཟང་གིས་ཞུས་པ་ལས། སེམས་ནི་གློག་དང་རླུང་དང་སྤྲིན་དང་འདྲ། །རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་མཚུངས། །སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་འདི་ལྟ་བུར་རྣམ་པར་གཡེང་བའི་སེམས་ཀྱི་དབང་དུ་གྱུར་པས་ན། བདག་གིས་ཅི་ནས་ཀྱང་སྒྱིད་ལུགས་པར་མི་བྱ་བར་བརྩོན་པར་བྱ་སྟེ། བརྩོན་ན་ནི་མཐར་གྱིས་མི་འགྲུབ་པ་གང་ཡང་མེད་དོ་སྙམ་དུ་སེམས་བསྐྱེད་ནས་ཡུན་རིང་པོར་དམིགས་པ་ལ་ཇི་གནས་སུ་བརྩོན་པར་བྱའོ། །
དེ་ལྟར་བརྩོན་པ་ཇི་ཞིག་ན་སྔར་གྱི་རྣམ་རྟོག་ཆེ་ཞིང་རགས་པ་རྒོད་དབལ་ཚ་བ་རྣམས་ཅུང་ཞི་ཡང༌། རྣམ་རྟོག་སྣ་ཚོགས་ཀྱི་བྲེལ་ཏེ་མང་པོ་ལང་ལོང་འཁྲིགས་པ་རྒྱུན་དུ་ཡོད་པའི་སྐབས་དེ་ལ་གཉིས་པ་རོང་ཁུང་དོག་མོའིམ་ཆུ་ལྟ་བུ་ཐོབ་པའི་ཉམས་ཞེས་བྱ་སྟེ། རོང་ཁུང་དོག་མོའིམ་ཆུ་དེ་བྲེལ་བ་དང་སྒྲ་ཆེ་ཡང་རི་གཟར་གྱི་ཆུ་ལས་ཅུང་དལ་བ་དཔེར་བྱས་པའོ། །
དེ་ནས་བརྩོན་པ་མ་བཏང་བར་སྔར་གྱི་མུ་ལ་གནས་ན་སེམས་ཀྱི་རྟོག་པ་ཁོང་དལ་ཞིང་དམིགས་པ་ལ་གནས་པ་ལྟ་བུ་འབྱུང་ཡང༌། ཞིབ་ཏུ་བརྟགས་ན་རྣམ་རྟོག་ཕྲ་བ་མང་པོ་རྒྱུན་ཆགས་སུ་འཇུག་པ་ཡོད་པ་ནི། ཉམས་གསུམ་པ་གོམས་པའི་ཉམས་ཞེས་བྱ་སྟེ། དེའི་དཔེ་ནི་ཆུ་ཀླུང་དལ་གྱིས་འབབས་པ་ལྟ་བུར། རྒྱང་ནས་བལྟས་ན་ཆུ་དེ་ལྷུན་ཆགས་ཤིང་འགྲོ་བ་མི་མངོན་ཀྱང་དྲུང་དུ་སོང་ན་ཅུང་ཟད་མི་སྡོད་པར་འགྲོ་ཞིང་གཡོ་བ་དེ་ལྟ་བུ་འབྱུང་ངོ༌། །
དེ་ཕན་ཆད་བརྩོན་པ་མ་བཏང་བར་འབད་ན་སྔར་ཙམ་དཀའ་ཚེགས་དང་སྡུག་བསྔལ་མི་ཆེ་བས་དེ་ནས་ཤིན་ཏུ་ཡང་བརྩོན་པ་རྒྱུན་ཆགས་པར་བྱའོ། དེ་ལྟར་བྱས་པས་རྣམ་རྟོག་ཕྲ་མོ་རྣམས་ཀྱི་གཡོ་བའང་ཞི་སྟེ་དམིགས་པ་ལ་འདུ་བྱེད་དང་བཅས་ན་ཇི་སྲིད་དུ་གནས་ནུས་། རྐྱེན་ཅིས་ཀྱང་གཡོ་མི་ནུས་པ་ནི་མ་ཡིན་པ་དེ་ནི་ཉམས་བཞི་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་བརྟན་པའི་ཉམས་ཞེས་བྱ་སྟེ། སེམས་གནས་ཤིང་བརྟན་པའི་ཕྱིར་རོ། །
དེ་ཐོབ་ནས་དེའི་ངང་དུ་དཀའ་ཚེགས་ཆེན་པོ་མི་དགོས་པར་ཡུན་དུ་གོམས་པར་བྱས་ན་ཉམས་ལྔ་པ་མཐར་ཕྱིན་པ་རི་བོ་ལྟ་བུ་འབྱུང་སྟེ། དེ་ནི་རྩོལ་བ་མེད་པའི་འདུ་བྱེད་དང་དོན་གནད་གཅིག་པ་ཡིན་ཏེ། དམིགས་པ་གང་ལ་གཏད་པ་དེ་ལ་སེམས་ངང་གིས་འདྲེ་ཞིང་རྩོལ་བ་མི་དགོས་པར་ལྷན་ནེར་ཇི་འདོད་དུ་གནས་པ་ལ་རྣམ་རྟོག་གིས་གཡོ་མི་ནུས་པ་འབྱུང་སྟེ་འདོད་པའི་སེམས་རྩེ་གཅིག་པ་ཞེས་བྱ་བ་དེ་གྲུབ་པ་ཡིན་ནོ། དེ་དུས་སེམས་གནས་པ་ལས་བྱུང་བའི་ཉམས་སྣ་ཚོགས་ཀྱང་འབྱུང་ངོ༌། །
དེའི་ངང་དུ་གོམས་པ་བྱས་ན་སེམས་དང་ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ། ལུས་དང་སེམས་ལས་སུ་རུང་ནས་དམིགས་པ་གང་དང་གང་དུ་འཇོག་པ་དེ་ལ་ཞག་དུ་མར་གནས་པར་བྱས་ན་ཡང༌། ལུས་ཀྱིས་མི་ལྕོགས་པ་དང༌། སེམས་ཀྱིས་མི་ལྕོགས་པ་གང་ཡང་མེད་པའི་ལུས་ཤིང་བལ་ལྟར་ཡང་བ་དང༌། སེམས་མངོན་པར་དྭངས་པའི་བདེ་བས་ཁྱབ་པ་ཞིག་འབྱུང་སྟེ། ཤིན་སྦྱངས་དེ་ཡང་དང་པོར་རགས་པ་ལྕི་ཞིང་བརྟན་པའི་ཚུལ་ཅན་དང༌། དེ་ནས་གོམས་པས་སྔ་མ་དེ་ཟད་དེ། གྲིབ་མ་ལྟར་ཤིན་ཏུ་སྲབ་ཅིང་དྭངས་པའི་ཞི་གནས་མི་གཡོ་བ་བསམ་གཏན་གྱི་སེམས་དངོས་གཞི་དང་རྗེས་སུ་མཐུན་པ་འབྱུང་ལ། དེ་ལྟ་བུའི་སྒོམ་པ་ལ་ནི་ཞི་གནས་ཞེས་བྱ་བའི་མིང་འཐོབ་སྟེ། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཡིན་པའི་ཕྱིར་རོ། འདི་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ཅེས་བྱ་བའི་ཆར་ཡང་གཏོགས་པ་ཡིན་ནོ། འདིས་མཚན་མའི་དམིགས་པ་དང་མཚན་མེད་སྟོང་ཉིད་སོགས་ཅི་བསྒོམས་ཀྱང་གོ་མི་ཆོད་པ་མེད་དོ། །
དེ་ལྟ་བུའི་ཞི་གནས་གྲུབ་པའི་ཚེ་ན་སེམས་ལས་སུ་རུང་བའི་སྟོབས་ཀྱིས། ལུས་ཟོ་མདོག་བཟང་ཞིང་བདེ་ལ་སྟོབས་དང་ལྡན་པ་དང༌། སེམས་གསལ་ཞིང་དྭངས་པས་སྤྱོད་ཡུལ་ཅི་རིགས་ལ་འཇུག་པ་དང༌། ལུས་སེམས་ལ་དགའ་བདེ་ཚད་མེད་པའི་རླན་གྱིས་ཁྱབ་པར་ཡང་འགྱུར་ལ་ཉོན་མོང་ཆུང་ཞིང་ནང་གི་དབེན་པའི་དགའ་བ་ཁྱད་པར་ཅན་རྗེས་སུ་མཐུན་པ་ཉམས་སུ་མྱོང་བར་འགྱུར་རོ། དེར་ཞི་གནས་དེ་ལྟ་བུ་སངས་རྒྱས་ཀྱི་སྐུ་ལ་དམིགས་པའི་བསོད་ནམས་ཀྱི་སྟོབས་དང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་དངོས་སམ། ཉམས་སམ། རྨི་ལམ་དུ་ཡང་སངས་རྒྱས་མཐོང་ཞིང་ཆོས་ཐོབ་པ་སོགས་ཡོན་ཏན་གྱི་རྣམ་པ་སྣ་ཚོགས་རང་གི་རྒྱུད་ལ་སྐྱེ་བར་བྱེད་དོ། །
མདོར་ན། ཞི་གནས་སྒྲུབ་པའི་ཡན་ལག་ཡིད་བྱེད་བཞི་དང་སྟོབས་དྲུག་ལ་སོགས་པའི་རྣམ་གྲངས་མང་དུ་ཡོད་ཀྱང་དོན་དུ་སེམས་ཅི་གནས་སུ་དམིགས་པ་ལ་དྲན་པ་ཤེས་བཞིན་གྱིས་རབ་ཏུ་བཟུང་སྟེ་གོམས་པར་བྱས་པ་ལས་སེམས་གནས་དགུ་འཕེལ་རིམ་དང་འབྲེལ་བའི་ཉམས་ལྔ་སྐྱེ་བ་འདིར་འདུས་པ་ཡིན་ནོ། །
དེ་ལྟར་ཞི་གནས་ལེགས་པར་གྲུབ་ན། རྩིག་པ་ལ་སོགས་པའི་རྡུལ་ཕྲ་རབ་ཚུན་ཀྱང་བགྲང་ནུས་པའི་ཚོད་ཀྱི་སེམས་གསལ་ཉམས་དང༌། ཕྱིའི་གཟུགས་ལ་སོགས་པའི་ཡུལ་ལྔའི་མཚན་མ་ལྔ་དང༌། དུག་གསུམ་གྱི་མཚན་མ་གསུམ་དང༌། སྐྱེས་པ་བུད་མེད་དེ་མཚན་མ་བཅུ་གང་སྣང་ཡང་དེའི་ཉེས་དམིགས་དྲན་ནས་ཉོན་མོངས་སྐྱེ་བ་ཉུང་ཞིང་སྐྱེས་ཀྱང་ཤུགས་ཞན་པ་དང༌། གནས་ཆ་འཐུག་པས་གཉིད་ཀྱང་ཏིང་ངེ་འཛིན་དང་འདྲེས་འགྲོ་བ་སྙམ་བྱེད་པ་སོགས་ཀྱི་ཡོན་ཏན་འབྱུང༌།
ལྷག་མཐོང་ལ་བོད་ཀྱི་གྲུབ་མཐའ་ཁག་གི་བླ་མ་གོང་མ་ཚོའི་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་རྗེ་བླ་མ་ཙོང་ཁ་པའི་བཞེད་པ་ལྟར་བཀོད་ན། ཕུང་པོ་ལྔ་ཡི་སྟེང་དུ་ངར་འཛིན་ལྷན་སྐྱེས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་དགག་བྱའི་ངོས་འཛིན་བྱེད་ཚུལ་མ་འཕྱུགས་པ་གཞིར་བཟུང་དེ་ལ་གནད་གཞི་དང་ལྡན་པའི་རིག་པ་ཡང་དག་གི་སྒོ་ནས་དཔྱད་པ་བྱས་པ་ལ་བརྟེན་རང་བཞིན་གྲུབ་པ་གཏན་ནས་མེད་པའི་ངེས་ཤེས་བརྟན་པོ་རྙེད་པ་དང་། དཔྱད་པ་དེ་ཉིད་ལ་བརྟེན་ནས་སྔར་ཞི་གནས་ཀྱི་སྐབས་སུ་ཐོབ་པ་ལས་ལྷག་པའི་ཤིན་སྦྱངས་ཀྱི་བདེ་བ་ཁྱད་པར་ཅན་ཐོབ་པ་ན་ལྷག་མཐོང་ཐོབ་པ་དང་། དབུ་མའི་ལྟ་བ་རྙེད་པ་ཟེར། འདི་ལ་གནད་བཞི་ཚང་དགོས་ཚུལ་དང་། མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྐྱོང་ཚུལ་སོགས་ཞིབ་པར་རྗེ་བླ་མའི་གསུང་ལམ་རིམ་ཆེ་ཆུང་གཉིས་ཀྱི་ནང་གསལ། །
དེ་ལྟར་ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་འཛིན་ཤེས་རབ་ཀྱིས་རལ་གྲི་རྣོན་པོས་སྤང་བྱ་སྒྲིབ་གཉིས་ཀྱི་གཡུལ་ངོ་རིམ་གྱིས་བཅོམ་ནས་སྐུ་བཞིའི་རྒྱལ་ཐབས་ཆེན་པོ་མངོན་དུ་བྱས་ཏེ་ནམ་མཁའ་ཇི་སྲིད་བར་འགྲོ་བའི་རེ་བ་སྐོང་བའི་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་ཆད་པ་འབྱུང་བ་ཡིན་ནོ།། །།
ཞི་གནས་དཔེ་རིས་ཀྱི་མཚོན་དོན།