༄༅། །གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྡོ
བླ་མ་ཡི་དམ་སངས་རྒྱས་བྱང་སེམས་
སྐྱབས་གནས་སྤྱི་དང་ཁྱད་པར་ཐུགས་ རྗེ་ཅན། །
ལོ་མ་གྱོན་མའི་ལྷ་ཚོགས་འཁོར་ བཅས་ཀྱིས། །
འགྲོ་ཀུན་ནད་གདོན་བགེགས་ལས་བསྲུ ང་དུ་གསོལ། །
ལས་དང་གློ་བུར་རྐྱེན་ལས་གྱུར་པ་ ཡི། །
གདོན་དང་ནད་དང་འབྱུང་པོའི་འཚེ་ བ་སོགས། །
སེམས་ཅན་ཡིད་མི་བདེ་བའི་ནད་རྣ མས་ཀུན། །
འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུ ར་ཅིག །
ཇི་ལྟར་གཤེད་མས་འཁྲིད་པའི་གསད་ བྱ་བཞིན། །
སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་ བྱེད་པའི། །
སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི ་སྙེད་པ། །
འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུ ར་ཅིག །
འཆི་བདག་གཤེན་རྗེའི་ཁ་ནང་ཚུད་པ་ ལྟར། །
ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེ ད་པའི། །
ཉིན་གཅིག་པ་དང་རྟག་པའི་རིམས་སོ གས་ཀྱིས། །
ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ གཅིག །
གནོད་པའི་བགེགས་རིགས་སྟོང་ཕྲག་ བརྒྱད་ཅུ་དང་། །
གློ་བུར་ཡེ་འདྲོགས་སུམ་བརྒྱ་དྲུ ག་བཅུ་དང་། །
བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ ཡིས། །
ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །
ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེ ད་པའི། །
འབྱུང་བཞི་འཁྲུགས་པའི་སྡུག་བསྔ ལ་ཇི་སྙེད་པ། །
མ་ལུས་ཞི་ཞིང་མདངས་སྟོབས་ལྡན་པ་ དང་། །
ཚེ་རིང་ནད་མེད་བདེ་སྐྱིད་ལྡན་ པར་ཤོག །
བླ་མ་དཀོན་མཆོག་གསུམ་གྱི་ཐུགས་ རྗེ་དང། །
མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུ ས་མཐུ་དང་།
ལས་འབྲས་བསླུ་བ་མེད་པའི་བདེན་སྟོ བས་ཀྱིས། །
བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་ པར་ཤོག། །།
ཅེས་པ་འདི་ནི་གདན་ས་ཆེན་པོ་དཔལ་ ལྡན་ས་སྐྱར་ནད་རིམ་མི་གཅིག་པ་སྣ ་ཚོགས་བྱུང་བར།སྔགས་བོན་རྣམས་ཀྱི ས་མདོས་གཏོར་སྨན་སྔགས་སྲུང་བ་སོ གས་གང་བསྒྲུབས་ཀྱང་མ་ཕན་པར་གདན་ ས་སྟོངས་ལ་ཐུག་པའི་སྐབས། རྗེ་གྲུབ་ཐོབ་ཆེན་པོས་མ་ནམ་མཁའ་ མའི་སྐྱབས་འགྲོ་གྱིས། མ་ཎི་སྒྲོངས། སྨོན་ལམ་འདི་ཐོབ་ཅེས་བཀའ་སྩལ་པ་ བཞིན་བགྱིས་པ་ལ་བརྟེན་ནད་ཡམས་ ཐམས་ཅད་འཕྲལ་དུ་ཆད་པས་ས་སྐྱ་ནད་ གྲོལ་མའི་སྨོན་ལམ་ཞེས་རྡོ་རྗེའི ་གསུང་བྱིན་རླབས་ཀྱི་སྤྲིན་ཕུང་ འཕྲོ་བར་གྲགས་སོ།།