༆ ཟླ་བ་འདིའི་ནང་འཛམ་གླིང་གང་སར་
ས་ཟླའི་དུས་ཆེན་ནི་ལོ་རྒྱུས་འབྱུ ང་ཁུངས་ཀྱི་ལོ་ཐོ་ལྟར་ཟླ་བ་བཞི་ པའི་ཚེས་བཅོ་ལྔ་ལ་འཁེལ་གྱི་ཡོད་ པས་ཡོངས་གྲགས་སུ་ཝེ་སག་དུས་ཆེན་ དུ་གྲགས། ནུབ་ཕྱོགས་པའི་སྤྱི་ལོ་ལྟར་ན་ཟླ ་བ་ངེས་མེད་ནང་འཁེལ་གྱི་ཡོད། དེ་བཞིན་ཤར་ཕྱོགས་ནང་པའི་ས་ཁུལ་ ཁག་ཀྱང་སོ་སོའི་ལོ་ཐོ་བརྩི་སྲོ ལ་འདྲ་མིན་གྱི་དབང་གིས་ཟླ་དུས་ གཅིག་མཚུངས་སུ་འཁེལ་གྱི་མེད།
སྤྱི་ལོ་ ༢༠༠༠ ནང་འཛམ་གླིང་རྒྱལ་སྤྱི་ལྷན་ཚོ གས་ནས་ས་ཟླའི་དུས་ཆེན་བརྩི་སྲུ ང་གི་བགྲོས་ཆོད་ཞིག་གཏན་ལ་ཕབས་པ་ ལྟར་ལོ་རེའི་སྤྱི་ཟླ་ལྔ་པའི་ཉ་ གང་གི་ཉིན་མོར་རྒྱལ་སྤྱིའི་ས་ཟླ འི་དུས་ཆེན་ལ་ངོས་འཛིན་བྱེད་ཀྱི ་ཡོད་པ་ལྟར། འདི་ལོ་རྒྱལ་སྤྱིའི་ས་ཟླའི་དུས་ ཆེན་ནི་སྤྱི་ཟླ་ ༥ པའི་ ཚེས་ ༡༦ ཉིན་ཡིན།
ས་ཟླའི་དུས་ཆེན་སྲུང་བརྩི་བྱེད་ ཚུལ་ལེགས་ཤོས་ཤིག་ནི་སྟོན་པའི་ རྣམ་པར་ཐར་པ་རྗེས་སུ་དྲན་པར་བྱེ ད་པ་དེ་ཡིན་པ་དང་། སྟོན་པ་རང་ཉིད་ནས་སྟོན་པ་མྱ་ངན་ ལས་འདས་རྗེས་སུ་རྗེས་འཇུག་པ་རྣ མས་ལ་གང་གི་སྐུ་ཚེའི་མཛད་པ་དྲན་བྱེད་གནས་མཆོག་བཞི་༼རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་མངོན་པར་སངས་རྒྱས་པའི་གནས། ལིམ་བི་ནི་སྐུ་འཁྲུངས་པ། ཝཱ་ར་ཎཱ་སི་ཆོས་འཁོར་བསྐོར་བ། རྩྭ་མཆོག་གྲོང་མྱ་ངན་ལས་འདས་པའི་གནས་ཏེ། མདོ་ལས་གསུངས་པའི་སངས་རྒྱས་ཀྱི་གནས་ཆེན་པོ་བཞི་ཡིན། ༽མཇལ་དགོས་པ་ གདམས་ཡོད།།