Friday, 15 May 2026

བོད་ཡུལ་གྱི་སྲོལ་རྒྱུན་རིག་གནས་ནང་དོན་རིག་པ། མདོ་སྔགས་རབ་འབྱམས་པ་ཆོས་ཀྱི་སློབ་དཔོན་ཆེན་པོ་དགེ་བཤེས་ལྷ་རམས་པ་དགེ་མཐར་རིན་པོ་ཆེ།


 

 བོད་ཡུལ་གྱི་སྲོལ་རྒྱུན་རིག་གནས་ནང་དོན་རིག་པ། 
མདོ་སྔགས་རབ་འབྱམས་པ་ཆོས་ཀྱི་སློབ་དཔོན་ཆེན་པོ་དགེ་བཤེས་ལྷ་རམས་པ་དགེ་མཐར་རིན་པོ་ཆེ།



 
ENGLISH         ITALIAN

  

གལ་ཆེའི་དཔེ་ཚོགས། 
ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་དང་། དེའི་ཆོ་ག་བཅས།།
དཀའ་བ་མཆོག་བརྒྱད་ཀྱི་མགུར། 
བཀའ་ཐང་དུམ་བུ།   
བཀའ་གདམས་པའི་དགེ་བཤེས་པོ་ཏོ་བའི་གསུང་དཔེ་ཆོས་ཀྱི་ས་བཅད། 
བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་སྙིང་པོ། 
དཀོན་མཆོག་རྗེས་དྲན་གྱི་མདོ།   
 
མཁས་དབང་དགེ་ཆོས་ཀྱི་སྙན་རྩོམ་དུམ་བུ། 

དགེ་ཆོས་ཀྱི་རྒྱ་གར་ནང་པའི་གནས་ཡིག་ལ་སོགས་པ། 
དགེ་ལྡན་ལེགས་བཤད།
དགའ་ལྷའི་ཁྲིད་ཟིན། 
རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མ།  
སྒྲོལ་སྟོད་སོགས།   
སྒྲོལ་སྟོད་འགྲེལ་བ། 
 
འཆི་འཕོས་པ་ཇི་ལྟར་འགྱུར་བར་ཞུས་པའི་མདོ།

ཇོ་བོ་རྗེས་མཛད་པའི་མར་མེའི་སྨོན་ལམ་བཞུགས་སོ། 
འཇིགས་བྱེད་བདག་བསྐྱེད་བསྡུས་པ།

རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་།    
རྗེས་གནང་བགེགས་གཏོར། 
 
མཉམ་མེད་ཇོ་བོ་ཆེན་པོ་རྒྱ་གར་དུ་ཕེབས་ཁར་ལྷ་བྱང་ཆུབ་འོད་ལ་ཞལ་གདམས་སུ་སྩལ་བ་ཐར་འདོད་དཔའ་བོའི་སྙིང་ནོར་ཞེས་བྱ་བ་བཞུགས་སོ། ། 
བསྙེན་སྒྲུབ་བགེགས་གཏོར་བཞུགས་སོ།   
 
རྟེན་འབྲེལ་བསྟོད་པ།  
རྟོགས་བརྗོད་འདུན་ལེགས་མ། 
ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ།   
 
ཐང་སྟོང་རྒྱལ་པོའི་གསུང་ནད་ཀྱི་འཇིགས་ཞི་གསོལ་འདེབས།   
ཐུན་དྲུག་བླ་མའི་རྣལ་འབྱོར།   
ཐུན་དྲུག་གི་ཉམས་ལེན་བྱ་ཚུལ། 
ཐུབ་ཆོག་བྱིན་རླབས་གཏེར་མཛོད།  
ཐེག་དགུའི་རྣམ་བཞག་མདོར་བསྡུས།  
ཐོག་མའི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད།  
ཐོག་མར་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་ཀྱི་ས་བཅད།  
ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། 
 
དོཧ་ཀོཥནཱམམཧཱམུདྲཨུཔདེཤ  
 
གནད་ཀྱི་གདམས་ངག་གསུམ་ཚན་གསུམ་བཞུགས།   
རྣལ་འབྱོར་བསྒོམ་པ་ལ་འཇུག་པ།  
 
དཔལ་གསང་བ་འདུས་པའི་སྨོན་ལམ། 
དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་ལྷན་ཐབས།  
དཔའ་པོ་གཅིག་པའི་སྒྲུབ་ཐབས། 
 
ཕྱག་ཆེན་ལྔ་ལྡན། 
ཕྱག་ཆེན་གངྒཱ་མ་དང་འགྲེལ་བ་བཅས།    
ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ།  
 
དབུ་མའི་མན་ངག་ཅེས་བྱ་བ། 
བྱང་ཆུབ་ལམ་སྒྲོན། 
བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ།  
བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མ། 
བྱམས་པའི་སྨོན་ལམ།
བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཟབ་མོ་རྣམས་ཚིགས་སུ་བཅད་པའི་སྒོ་ནས་ཉམས་སུ་ལེན་ཚུལ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །  
སྦྱོར་ཆོས་བསྐལ་བཟང་མགྲིན་རྒྱན། 

སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཟབ་མོའི་དམིགས་རིམ་གྱི་ལག་རྗེས་བཞུགས་སོ། །

སྦྱོར་བའི་ཆོས་དྲུག་ཉམས་ལེན། 
བླ་མའི་རྣལ་འབྱོར།
བློ་སྦྱོང་ཐུན་བརྒྱད་མ་ལགས་སོ།
བློ་སྦྱོང་དོན་བདུན་མ་བཞུགས་སོ། །  
བློ་སྦྱོང་ཚིགས་བརྒྱད་མ་རྩ་འགྲེལ།  
བློ་སྦྱོང་སྙན་ངག་སྒྲ་རྒྱན། 
 
མཧཱམུདྲཨུཔདེཤ  

མི་ཆོས་གནད་ཀྱི་ཕྲེང་བ།    
མི་ཆོས་གཙང་མ་བཅུ་དྲུག
མུ་ཐི་ལིའི་ཕྲེང་འགྲེལ།
སྨན་བླའི་མདོ་ཆོག   
སྨྱུང་གནས་ཀྱི་ཆོ་ག 

གཙུག་གཏོར་དྲི་མེད་ཀྱི་གཟུངས་མདོ།

མཚན་དང་གཟུངས་སྔགས།  
 
ཟབ་མོ་ལྟ་བརྒྱུད་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་བྱང་ཆུབ་ཆེན་པོའི་གཞུང་ལམ་ཞེས་བྱ་བ་བཞུགས་སོ། ། 
ཟབ་ལམ་བླ་མ་མཆོད་པའི་རྣལ་འབྱོར། 
གཟུངས་སྔགས་ཁྱད་པར་ཅན་རྣམས་ཕན་ཡོན་མདོར་བསྡུས་བཅས།  
ཡིད་བཞིན་འཁོར་ལོའི་རྒྱུན་འཁྱེར།།

རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད། 
རིག་པ་ངོ་སྤྲོད།  
 
ལམ་གྱི་ཆོས་མཆོག་ཉེར་གཅིག   
ལམ་རིམ་བསྡུས་དོན།  
ལམ་གཙོ་རྣམ་གསུམ། 
ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་ཕྲེང་བ།
ལེགས་པར་བཤད་པ་ཆུ་ཤིང་བསྟན་བཅོས་ཀྱི་རྩ་འགྲེལ།   
གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པའི་འགྲེལ་ཆུང་དང་། གཞོན་ནུ་དྲུག་གི་རྟོགས་བརྗོད་བཀླགས་པའི་མྱོང་ཚོར། 
ཞུ་ཡིག་ཆོས་ཀྱི་དོན་གྲུབ། བུ་སྟོན་རིན་ཆེན་གྲུབ།

ཤར་གངས་རི་མ། ཤེས་རབ་སྙིང་པོ། 
ཤེར་སྙིང་འགྲེལ་པ་སྔགས་སུ་འགྲེལ་པ་བཞུགས།    
ཤེས་རབ་སྙིང་པོའི་རྣམ་བཤད་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པ།།    
ཤེས་རབ་སྙིང་པོའི་རྣམ་བཤད་པདྨ་དཀར་པོས་མཛད་པ།
ཤེར་སྙིང་གི་ཚིག་འགྲེལ་ཏཱ་ར་ནཱ་ཐས་མཛད་པ། 
 


འཇིག་རྟེན་ཁམས་ཀུན་ཕན་བདེ་དང་རང་དབང་གིས་ཁྱབ་པར་སྨོན།

ཞི་ལྷག་གཉིས་ཀྱི་རྣལ་འབྱོར་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པ།

༄༅། །ཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་དགོངས་
པ་ཕྱིན་ཅི་མ་ལོག་པར་བཤད་པ་བཞུགས་སོ། །

 

ཞི་ལྷག་གཉིས་རེ་རེས་མི་ཆོག་གི །གཉིས་ཀ་བསྟེན་དགོས་པའི་སྐབས་སུ། ཆོས་ཡང་དག་པར་སྡུད་པའི་མདོ་ལས།སེེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ། །ཞེེས་གསུངས་པའིི་དོན་ནི། སེམས་རྩེ་གཅིག་པ་ལ་འཇོག་པ་ཙམ་ཞིག་གོམས་ན་ཡང་དག་པའི་དོན་རྟོགས་པར་འགྱུར་རོ་ཞེས་པའི་དོན་མ་ཡིན་གྱི། མཉམ་པར་བཞག་པའི་སེམས་ཀྱིས་ཞེས་སྦྱར་རྒྱུ་ཡིན་ལ། དེའི་དོན་ཡང་མཉམ་པར་བཞག་པའི་ཞི་གནས་ཀྱིས་དམིགས་པ་ལ་སེེམས་བརྟན་པར་བྱས་པའི་འོག་ཏུ། ཤེེས་རབ་ཀྱིས་དེ་ཁོ་ན་ལ་བརྟགས་ན་ཡང་དག་པའི་དོན་རྟོགས་པའི་ཡེ་ཤེས་སྐྱེ་བ་གསལ་བར་བཤད་པ་ཡིན་ཏེ། སྒོམ་རིམ་དང་པོ་ལས། འདི་ལྟར་གང་གི་ཚེ་ཞི་གནས་ཀྱིས་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། དེའི་ཚེ་སྣངབ་བྱུང་བས་མུན་པ་བསལ་བ་བཞིན་དུ་སྒྲིབ་པ་འབྱུང་ངོ༌།།

དེེ་གཉིིས་ཀ་ཡང་མིིག་དང་སྣང་བ་བཞིིན་དུ། ཡང་དག་པའིི་ཡེེ་ཤེེས་འབྱུང་བ་ལ་ཕན་ཚུན་མཐུན་པར་གནས་པ་ཡིིན་གྱིི། སྣང་བ་དང་མུན་པ་བཞིིན་དུ་མིི་མཐུན་པ་མ་ཡིིན་ནོོ། །ཏིིང་འཛིིན་ནིི་མུན་པའིི་ངོོ་བོོ་ཉིིད་མ་ཡིིན་ཏེེ། ཅིི་ཞེེ་ན། སེེམས་རྩེེ་གཅིིག་པའིི་མཚན་ཉིིད་དེེ་ནིི་མཉམ་པར་བཞག་ན་ཡང་དག་པ་ཇིི་ལྟ་བ་བཞིིན་རབ་ཏུ་ཤེེས་སོོ། །ཞེེས་བཀའ་སྩལ་བའིི་ཕྱིིར་ཏེེ། ཤེེས་རབ་དང་ཤིིན་ཏུ་མཐུན་པ་ཡིིན་གྱིི། མིི་མཐུན་པ་མ་ཡིིན་ནོོ། །ཞེེས་གསུངས་སོོ།།

དེེ་བས་ན་ཞིི་གནས་བསྒོོམས་པས་སེེམས་བརྟན་པོོ་རྙེེད་པ་ནིི་སྣང་བ་དང་འདྲ། ཤེེས་རབ་ཀྱིིས་དེེ་ཁོོ་ན་ཉིིད་ལ་དཔྱོོད་པ་ནིི་མིིག་དང་འདྲ་བར་བྱ་ཡིི། ཞིི་གནས་ནིི་སེེམས་མིི་གཡོོ་བར་རྩེེ་གཅིིག་ཏུ་གནས་པ་ཡིིན་ལ། ལྷག་མཐོོང་ནིི་ཡུལ་ལ་དཔྱོོད་པ་ཡིིན་པས། གཅིིག་གིིས་གཅིིག་ལ་གནོོད་པ་ཡིིན་ནོོ་སྙམ་དུ་མིི་གཟུང་ངོོ༌།། 

ཡང་ཞི་གནས་དང་བྲལ་བའིི་སེེམས་རླུང་ནང་གི་མར་མེེ་བཞིིན་དུ་གཡོ་བ་དང༌། ཞི་གནས་ཀྱི་སྟོབས་ཀྱིིས་ནི་རླུང་མེདཔ་ན་གནསཔའིི་མར་མེ་བཞིན་དུ་རྣམ་རྟོག་གི་རླུང་གིས་མི་གཡོ་བར་བཤད་པ་མི་འཐད་དེེ། ལྷག་མཐོང་ལ་དཔྱད་སྒོམ་བྱེད་པའི་ལུགས་ལ་ཞི་གནས་གྲུབ་ཀྱང་ལྷག་མཐོང་སྒོམ་པའིི་ཚེ་རྣམ་རྟོག་གི་རླུང་གིས་གཡོ་བའི་ཕྱིར་རོ་སྙམ་ན། ཞི་གནས་གྲུབ་པ་ལ་བརྟེན་ནས་ལྷག་མཐོང་སྒོམ་པ་ན་སེམས་ཀྱི་གཡོ་བ་ཐམས་ཅད་ལྡོག་པར་ཁས་ལེན་ན་སྐྱོན་དེ་ཡོད་ཀྱང༌སེམས་ཀྱི་གཡོ་བ་ཙམ་ལྡོག་པ་མིན་གྱི། གཡོ་བའི་སྐྱོན་ལྡོག་པ་ལ་བསམས་ནས་དེ་ལྟར་གསུངས་པའི་ཕྱིར་རོ། །གཡོ་བའི་སྐྱོན་གང་སྙམ་ན། རང་འདོད་པའི་ཡུལ་ལ་སེམས་འཇོག་པ་ན་རང་དབང་མེད་པར་མི་འདོད་པའི་ཡུལ་ལ་སེམས་རྒྱུག་པའོ།།

གོ་རིམ་ངེས་ཚུལ་གྱི་སྐབས་སུ། ཞི་གནས་མི་སྒྲུབ་པར་དང་པོ་ནས་ལྷག་མཐོང་ཏུ་སེམས་གནས་པ་ཙམ་ཞིག་གོམས་པར་བྱེད་ན། དེ་ལས་ཏིང་ངེ་འཛིན་དེ་འཇིག་རྟེན་པའི་བསྒོམ་བྱུང་དུ་འགྲོ་སྲིད་ཀྱང༌། དེའང་ཞི་གནས་བསྒོམ་བྱུང་དུ་སོང་བ་ཡིན་གྱི། ལྷག་མཐོང་བསྒོམ་བྱུང་དུ་སོང་བ་མིན་པས། ད་དུང་ལྷག་མཐོང་བསྒོམས་བྱུང་བསྐྱེད་དགོས་སོ།།

དེའི་ཕྱིར་ཞི་གནས་དེ་སྔོན་དུ་བཏང་ནས་དཔྱད་སྒོམ་གྱི་ལྷག་མཐོང་བསྒོམས་བྱུང་སྐྱེད་དགོས་པས། སྔོན་དུ་ཞི་གནས་བསྒྲུབས་ནས། དེའི་འོག་ཏུ་ལྷག་མཐོང་སྒྲུབ་པ་ལས་མིི་འདའོ། །དེ་ཁོ་ན་ཉིད་ལ་དམིགས་པའི་འཇིག་རྟེན་པའི་བསྒོམས་བྱུང་སྐྱེད་ནུས་ན། དེ་ཙམ་ཞིག་བསྒོམས་པས་འཇིག་རྟེན་ལས་འདས་པའི་བསྒོམས་བྱུང་སྐྱེད་ནུས་སོ་ཞེས་ཀྱང་སྨྲ་མི་ནུས་ཏེ། འཇིག་རྟེན་པའི་བསྒོམས་བྱུང་གི་ཡོན་ཏན་ཐམས་ཅན་ལ་དེ་བཞིན་དུ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་མདོ་དགོངས་འགྲེལ་ལས། ཞི་གནས་སྔོན་དུ་གྲུབ་པ་ལ་བརྟེན་ནས་དཔྱད་སྒོམས་གྱིས་ཤིན་སྦྱངས་འདྲེན་ནུས་ནུས་སུ་ལྷག་མཐོང་བསྒོམ་པར་གསུངས་པ་སོགས་ཀྱི་གོ་རིམ་ངེས་པ་ཅན་དུ་བཤད་པའི་གཞུང་དུ་མ་དང་འགལ་བའི་ཕྱིར་དེ་ལྟར་འདོད་དུ་མི་རུང་ངོ༌།།

དེ་ལྟར་ན་ཐེག་པ་གཞན་གྱི་ལུགས་ལྟར་ཡུལ་ཅན་ཁྱད་པར་ཅན་གྱིས་ད་ཁོ་ན་ཉིད་སྒོམ་པའི་སྐབས་ཀྱི་དམིགས་བསལ་མ་གཏོགས་པ། ལྷག་མཐོང་བསྒོམས་བྱུང་སྔར་མ་བསྐྱེད་པ་གསར་དུ་བསྐྱེད་པའི་གནས་སྐབས་ཐམས་ཅད་དུ་ཞི་གནས་སྔོན་དུ་བསྒྲུབས་པ་ལ་བརྟེན་ནས། དཔྱད་སྒོམ་གྱིས་ལྷག་མཐོང་བསྒོམ་པར་ངེས་པ་ཡིན་པའི་ཕྱིར་རོ།།

གལ་ཏེ་ཞི་གནས་འཇོག་སྒོམ་གྱིས་སྒྲུབ་པ་དང༌། ལྷག་མཐོང་དཔྱད་སྒོམ་གྱིས་སྒྲུབ་པ་ཡིན་དུ་ཆུག་ཀྱང༌། སྔོན་དུ་ཞི་གནས་བསྒྲུབས་པ་ལ་བརྟེན་ནས། ཕྱིས་ལྷག་མཐོང་བསྒོམ་པའི་གོ་རིམ་ངེས་པར་དགོས་པའི་རྒྱུ་མཚན་གང་ཡིན་སྙམ་ན། འདི་ནི་རྟོགས་དཀའ་བས་བཤད་པར་བྱ་སྟེ། དཔེར་ན། ལག་པས་སྟ་རེ་བཟུང་ནས་ཤིང་སྡོང་གཅོད་པ་ན། ལག་པ་ཤིིན་ཏུ་འདར་ན་སྟ་རེ་ཤིང་སྡོང་ལ་ཇི་ཙམ་བརྒྱབ་ཀྱང༌ཤིང་སྡོང་གཅོད་མི་ནུས་པ་བཞིན་དུ། ཞི་གནས་སྔོན་དུ་མ་གྲུབ་ན། དཔྱོད་པའི་སེམས་ལ་གནས་པའི་རྩི་འབྱར་རྒྱུ་མེད་པས་ཇི་ཙམ་དཔྱད་ཀྱང་མི་མཐུན་ཕྱོགས་འཇོམས་པའི་སྟོབས་མི་འབྱུང་ངོ༌།།

སྟོབས་ལྡན་གྱི་ལག་པ་ཤིན་ཏུ་བརྟན་པོས་རྣོ་བའི་སྟ་རེ་བཟུངས་ནས་བཅད་ན་ཤིང་སྡོང་མྱུར་དུ་གཅོད་ནུས་པ་བཞིན་དུ། ཞི་གནས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པའི་ལག་པས་བཟུང་བའི་སེམས་ཀྱི་ཤེས་རབ་ཀྱི་མཚོན་རྣོན་པོ་ཐོགས་ཏེ། དེ་ཁོ་ན་ཉིད་ལ་དཔྱད་པ་གོམས་ན། མི་མཐུན་ཕྱོགས་འཇོམས་པའི་སྟོབས་དང་ལྡན་པར་འགྱུར་རོ།།

དེ་ལྟར་ཡང་སྒོམ་རིམ་དང་པོ་ལས། དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་ལག་གིས་སེམས་བཟུང་ཏེ་ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱིས། གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ། །དེ་ལྟར་བྱས་ན་རྩ་བ་ནས་ཕྱུང་བའི་ཤིང་དག་པ་ལ་མི་སྐྱེ་བ་བཞིན་དུ། རྩ་བ་མེད་པས་ན་ལོག་པར་རྣམ་པར་རྟོག་པའི་སེམས་ཀྱང་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་ལན་ཉུང་ཤས་ཤིག་བརྒྱབ་པས་ཤིང་མི་འཆད་པ་བཞིན་དུ། ལན་དུ་མར་ཤེས་རབ་ཀྱིས་མ་དཔྱད་ན་ལྷག་མཐོང་ནུས་པ་ཅན་མི་འགྲུབ་པས་ཡང་དང་ཡང་དུ་དཔྱད་པར་བྱའོ།།

ཡུལ་ལ་རྣམ་པ་དུ་མར་དཔྱོད་པའི་ཚེ། མི་དཔྱོད་པར་རྩེ་གཅིག་ཏུ་འཇོག་པའི་ཏིང་ངེ་འཛིན་མེད་མོད་ཀྱང༌། ཏིང་ངེ་འཛིན་གྱི་རྩི་བརྟན་པོ་ཡོད་པས་རྣམ་པར་མི་རྟོག་པའི་ངང་ནས་དཔྱོད་པ་སྙམ་བྱེད་པ་ཞིག་འོང་བ་ཤེས་པར་བྱའོ།།

གནས་ཆ་ཤིན་ཏུ་བརྟན་པའི་སེམས་རྒྱུད་ལ་གནས་པའིི་རྩིི་ན་རེེ་འཇུག་པས། དེའི་ངང་ནས་ཞེ་སྡང་དང་ཆགས་པ་སོགས་སྐྱེ་བན། སྔར་ཞི་གནས་མ་གྲུབ་པའི་དུས་བཞིན་དུ། ཤུགས་དྲག་པ་དང་བར་མ་ཆད་པ་སོགས་མི་སྐྱེ་བར། ཤུགས་ཞན་པ་དང་རྒྱུན་ཅུང་ཐུང་བ་སོགས་སུ་སྐྱེ་བ་མཐོང་ནས། འདི་ནི་རྣམ་རྟོག་འཕྲོ་བ་མིན་གྱི་ཡེ་ཤེས་འཕྲོ་བ་ཡིན་ཟེར་བ་དང༌། ཉོན་མོངས་ཡིན་ཡང་ལས་གསོག་མི་ནུས་ཟེེར་བ་དང༌། མཚམས་དེ་ནས་ཉོན་མོངས་སྐྱེ་བའི་རྐྱེན་ལ་ཞུགས་ཀྱང་འཆིང་མི་ནུས་པས་ཉོན་མོངས་ལམ་དུ་བྱེད་པའི་དུས་ལེན་ཟེར་བ་སོགས་ཏིང་ངེ་འཛིན་གྱི་གོ་བ་ཤིན་ཏུ་ཆུང་བ་རྣམས་ལ་འབྱུང་མོོད་ཀྱང༌། འདི་ནི་ཕྱི་ནང་དང་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་བ་ཡིན་པར་ཤེས་པར་བྱའོ།།

ཞི་གནས་ཆ་སྙོམས་པའི་སྐབས་སུ་ཞི་གནས་ཤས་ཆེ་ན་ཡང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེེ་ལྟ་བས་ན་དེའི་ཚེ་ཤེས་རབ་བསྒོམ་པར་བྱའོ། །ཞེེས་གསུངས་པ་ལ། ཞི་གནས་ཧ་ཅང་བསྟེན་དྲགས་པས་དཔྱོད་སྙིང་མི་འདོད་པ་དང༌། དཔྱད་ཀྱང་འགྲོ་མི་ཉན་པར་སེམས་གནས་ཆ་ལ་ཧྲིལ་ཧྲིལ་འགྲོ་ན། དཔྱད་ནས་སྐྱོང་བ་རྣམ་རྟོག་སྒོམ་ཡིན་པས། དེ་ལས་མི་རྟོག་པ་ཐུན་རེ་སྒོམ་པ་ཁྱད་པར་དུ་འཕགས་སོ་སྙམ་ནས་དཔྱད་སྒོམ་དོར་བར་མི་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་གཟུགས་ན་དཔྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི། ཐོས་པ་ལས་བྱུང་བ་དང་སྒོམ་པ་ལས་བྱུང་བ་རྣམས་ཀྱི་ཡིན་ཏེ། བསམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། །ཞེས་གསུངས་ལ། དེའི་འགྲེལ་བཤད་ལས་བསམས་པ་ལས་བྱུང་བ་མེད་པའི་གཏན་ཚིགས་ནི། གང་གི་ཚེ་དེ་དག་སེམས་པར་རྩོལ་བ་དེ་ཁོ་ནའི་ཚེ། དེ་དག་གི་ཏིང་ངེ་འཛིན་ཉིད་དུ་ཉེ་བར་གནས་པར་འགྱུར་ཞེས་བྱ་བ་ཡིན་ནོ། །ཞེས་གཟུགས་ཁམས་སུ་སྐྱེས་པའི་ཐ་མལ་པ་རྣམས་ཀྱང༌། བསམས་བྱུང་གི་སེམས་པ་ལ་རྩོལ་བ་བྱས་པ་ན་བསམས་བྱུང་ལ་ཕར་ལ་མཆེད་མི་ཉན་པར་ཏིང་ངེ་འཛིན་ཉིད་དུ་འགྲོ་བར་གསུངས་པའི་ཕྱིར་རོ།།

ཞི་ལྷག་གཉིས་པོ་རེ་རེ་ལའང་ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིིགས་པ་གཉིས་གཉིས་ཡོད་པར་ནི། ཤེར་ཕྱིན་མན་དག་ལས་ཀྱང༌། དེ་ལ་ཇི་སྙེད་པ་ཡོད་པར་གྱུར་པ་དང་ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི། ཞི་གནས་ཀྱི་དམིགས་པའོ། །ཇི་སྙེད་པ་ཡོད་པར་གྱུར་པ་དང་ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི། ལྷག་མཐོང་གི་དམིགས་པའོ།། ཞེེས་གསུངས་སོ།།

སོ་སྐྱེའི་སར་ཡང་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་བསྐྱེད་པ་ལ་ནི། ཞི་རགས་ཀྱི་རྣམ་པ་ཅན་དུ་སྒོམ་པར་མ་ངེས་ཏེ། ཁམས་བཅོ་བརྒྱད་ཀྱི་མཚན་ཉིད་སོ་སོར་ཡང་དང་ཡང་དུ་དཔྱོད་པ་ལས་ལྷག་མཐོང་སྐྱེ་བར་གསུངས་པའི་ཕྱིར་ཏེ། ཤེར་ཕྱིན་མན་ངག་ལས། དེ་ནས་ཞི་གནས་དེ་ཉིད་ལ་བརྟེན་ཏེ། སྣ་ཚོགས་ཀྱི་གཟུགས་བརྙན་འདི་དག་ཉིད་ནི་འདི་ལྟ་སྟེ། གཟུགས་ཀྱི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་འདི་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། དེ་ལྟར་ལན་མང་དུ་རྣམ་པར་ཕྱེ་ནས་ཡོངས་སུ་བརྟག་པར་བྱས། ཡོངས་སུ་དཔྱད་པར་བྱས་པས་ལྷག་མཐོང་རྫོགས་པར་བྱའོ། །ཞེས་གསུངས་ཏེ། འདི་ནི་དགོངས་འགྲལ་གྱི་མདོའ་ིལུང་དུའང་སྣང་ངོ༌།།

ལྷག་མཐོང་འདིས་ནི་ཉོན་མོངས་མངོན་གྱུར་གྱི་གཉེན་པོ་མི་བྱེད་ཀྱང༌། ཏིང་ང་ེའཛིན་གྱི་རྩལ་སྦྱོང་བའི་ཕྱིར་དུ་བྱེད་དོ།། འདི་ལ་བརྟེན་ནས་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་གཞན་མང་པོ་ཡང་རྟོགས་པར་ནུས་སོ།།

ཞེས་ཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པ་འདི་ནི། ཞི་ལྷག་གཉིས་ཀྱི་རྣལ་འབྱོར་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། འདི་ལ་བརྟེན་ནས་ཡང་དག་པའི་ལམ་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་དྲི་མ་ཞི་བར་གྱུར་ཅིག ། མངྒ་ལཾཾ།།