Tuesday 29 October 2013

གསོལ་འདེབས་སྨོན་ལམ། རང་རྩོམ།






: ¤-¾ÞÅ-ºIô-zºÛ-ÇkÝG-zÇS¾-Åï¾-zºÛ-Ǩmüü
Å-GÅÞ¤-Bï-zôºÛ-¼ï-z-Ç+ôP-zºÛ-Gbï¼üü
¼P-GŸm-hôm-GZÛÅ-¿Ëàm-HÛÅ-Iâz-qºÛ-mô¼üü
fÞz-±ß¾-ŸÛ-zhïºÛ-¯-z-xôGÅ-¾Å-M¾üü

: ¾¤-HÛ-¯-z-zÁïÅ-GZïm-dïm-±ß¾-mÅüü
¼Û¤-HÛÅ-‚P-Vßz-¤-fôz-z¼-HÛ-Åüü
ºFâ¾-¤ïh-zhï-mÅ-zhï-z-zIôh-qºÛ-fzÅüü
Çeôm-¤²h-zÁïÅ-GZïm-n¤Å-¾-ljÛP-mÅ-ºhÝhüü

: VGÅ-¤ïh-Åï¤Å-ˆÛ-¯-z-PïÅ-º‚ÝP-hPüü
¤fº-¤ïh-ºIô-¾-wm-zŸïh-‚P-Åï¤Å-bïüü
Gž-¼ÛG-¿e-zºÛ-»P-¯ï-ÇeôP-q-ZÛhüü
dôGÅ-bï-¼P-GŸm-¤-¾ÞÅ-zhï-z¼-ÁôGü

hGï-¢ôP-hGï-ºhÝm-¤f¼-xÛm-qÅ-Ǩôm-qºôüü 2000 üü




ཀ་བཤད་སེམས་སྦྱོང་མ། རང་རྩོམ།



ཀ་བཤད་སེམས་སྦྱོང་མ།

དགེ་འདུན་མཐར་ཕྱིན་གྱིས་བྲིས། ༢༠༠༨ །
ཀ་དག་སེམས་ཀྱི་ངོ་བོ་འོད་གསལ་དེ། །
ཁ་བཤད་ཙམ་གྱི་རྣམ་དཔྱོད་ལ་བརྟེན་ན། །
ག་དུས་ཡིན་ཡང་རང་ངོ་འཁྲོད་དཀའ་བས། །
ང་ང་ཟེར་ཞིང་བདག་འཛིན་ཇི་ཆེར་འཕེལ་། །
ཅ་ཅོ་རོལ་མོ་མདངས་བསྙན་ཆོས་སྐོར་དང་། །
ཆ་ལུགས་རྒྱན་གོས་སྣ་ཚོགས་ཆོས་ལུགས་རྣམས། །
ཇ་དང་དངུལ་ལ་མི་བརྗེ་བཅོས་མིན་དོན། །
ཉ་སྐྱེས་ཟླ་བཞིན་འཔེལ་བར་སྙིང་ནས་སྨོན། །
ཏ་ཐ་གྷ་ཏའི་བསྟན་པའི་སྙིང་པོ་འདི། །
ཐ་མལ་སྐྱེ་བོའི་སྤྱོད་ཡུལ་དུ་དཀའ་ཡང་། །
ད་ལྟ་རང་ནས་དོན་གཉེར་གྱིས་གོམས་ན། །
ན་རྒ་འཆི་བའི་འཇིགས་ལས་སྐྱོབ་པར་ནུས། །
པ་ཊ་ལྟར་བཅིངས་བློ་མཐུན་དད་དམ་དང་། །
ཕ་མས་བུ་བཞིན་འགྲོ་ཀུན་ལ་གཅེས་ན། །
བ་བེའུ་ལྟར་གྱི་ཕན་སེམས་དང་སྙིང་བརྩེ། །
མ་རྒན་སེམས་ཅན་ཀུན་ལ་ལེགས་ཁྱབ་ནུས། །

ཙ་་ར་ཙི་རེ་སྐད་བཅོར་གཏམ་ཚོགས་ལ། །
ཚ་ག་ཚི་གེས་དུས་ཚོད་ཟད་བཏང་ན། །
ཛ་ར་ཛོ་རེ་ལས་ཀྱིས་མི་ཚེ་འདི། །
ཝ་་ལ་ཝ་ལེར་ཆུད་བཟོས་འགྱུར་བར་ཉེ། །
ཞ་ཉེ་ལྟ་བུའི་སེམས་ཀྱི་ལྷུག་གཤིས་འདི། །
ཟ་བཏུང་བཞིན་དུ་ཉིན་རེར་བློ་སྦྱྦང་ན། །
འ་འུར་གཏམ་གྱི་དོན་སྙིང་ལེགས་སྨིན་ཏེ། །
ཡ་མ་ལྟ་བུའི་སྡུག་གསུམ་ལས་སྒྲོལ་ནུས། །
ར་དང་ལུག་གི་ཤ་ཁྲག་ལ་དགའ་བའི། །
ལ་མོའི་རྒྱབ་ཏུ་གནས་པའི་སྤྱང་རིགས་ཚོ། །
ཤ་མེད་ཟས་ལ་དགའ་དགུར་སྤྱད་ནུས་ན། །
ས་ལམ་རིམ་གྱིས་འགྲོད་པར་ཡང་ཕན་ངེས། །
ཧ་ལོའི་མེ་ཏོག་ལྟར་མཛེས་འཁོར་བ་འདི། །
ཨ་ཙི་ད་ལྟ་བཞག་ནས་འགྲོ་ཀུན་ཆེད། །
ཨ་ཡིག་ཟབ་མོས་བསྟན་པའི་གདམས་ངག་དེ། །
ཨ་མ་མ་རྒན་ཡོངས་ཀྱིས་རྟོགས་་པར་ཤོག །
བཀའ་གདམས་མེས་པོ་འབྲོམ་སྟོན་ཡབ་སྲས་དང་། །
གླང་རི་ཐང་པ་མི་ལ་རལ་པ་དང་། །
ཕ་རན་ཆེསེཀོ་གྷན་དྷི་སེམས་དཔའ་ཆེ། །
དམན་ས་འཛིན་པའི་སྐྱེ་ཆེན་རྣམས་ལ་འདུད། །
བཀའ་གདམས་བཞེད་སྲོལ་སྦས་པའི་ཆོས་སྤྱོད་ལ། །
ཉིན་མཚན་ཀུན་དུ་གུས་སྦྱང་ལེགས་བརྟེན་ཏེ། །
གྷན་དྷི་དམ་པའི་ཞི་བའི་ལམ་ཆེན་དེར། །
དེང་དུས་འགྲོ་བ་མ་ལུས་འགྲོད་པར་ཤོག །
ཀ་བཤད་འདི་ཁ་བརྡ་དྲ་རྒྱར་http://www.khabdha.org/?p=558#more-558
བཀོད་པར་གཤམ་གྱི་མཆན་འཁོད་བཅས།

“ ཀ་བཤད་སེམས་སྦྱོང་མ། ”སྐོར་ལ་མཆན་ 11 འདུག

  1. #1 ཤེས་རབ། ་ལགས་ཀྱིས་སྤེལ་དོན།: 
    ཀ་བཤད་བོད་བསྐྱལ་མ།
    ཀ་དག་ཆོས་ལ་མགོ་བོ་འཁོར་འཁོར་ནས།
    ཁ་ཕོར་འཛུགས་ཡུལ་མེད་པའི་ཁ་བ་ཅན།
    ག་དུས་ཡིན་ཡང་ཆོས་དང་ཆོས་ཟེར་ནས།
    ང་མེད་ཁྱོད་མེད་སྨྲ་བའི་བྱབ་ཆུང་དངོས།
    ཅ་ཅོའི་སྐད་དང་དོན་མེད་ཡུལ་ལ་དགའ།
    ཆ་ལུགས་མཐུན་པའི་མི་སྤྱོད་མི་འཛིན་པར།
    ཇ་ཆང་འདྲེས་པ་ལྟ་བུའི་སྤྱོད་ངན་གྱིས།
    ཉ་ཉོའི་ལེ་ལོའི་ཚུལ་གྱིས་རང་ཡུལ་བསྐྱལ།
    ཏ་ཐ་ག་ཏ་ཟེར་ནས་ལས་མི་བྱེད།
    ཐ་མལ་སྤྱོད་པ་ཟེར་ནས་འགན་ཁྲི་སྤོངས།
    ད་ལྟ་མི་འཛིན་ཕྱི་མར་ཡིད་རྟོན་པ།
    ན་ཚ་འཐེབ་པའི་བོད་པར་སྙིང་རེ་རྗེ།
    པ་ཕ་ཨ་མ་རྒན་དུས་སྐྱོང་མི་བྱེད།
    ཕ་མེས་བཙན་པོའི་དཀའ་ལ་བརྩི་མེད་གཏོང་།
    བ་གླང་རྟ་སོགས་ལྷ་ཡི་ལུས་ལ་བརྩི།
    མ་ཤེས་གླེན་པ་ཁྱོད་ཚོ་སྙྷིང་རེ་རྗེ།
    ཙ་རིའི་གནས་ཟེར་སྣུམ་དང་གཏེར་མི་བཏོན།
    ཚ་བའི་དམྱལ་ཟེར་ཤི་རྒྱུར་རྟག་ཏུ་འཇིགས།
    ཛ་ཐང་ཀུན་ནས་མེད་པའི་བོད་པ་རྣམས།
    ཝ་སྐྱེས་བཞིན་དུ་རང་གི་རིགས་ལ་སྡང་།
    ཞ་མོ་རྩེ་རིང་མགྱོན་ན་བླ་མར་བརྩི།
    ཟ་ཧོར་རྱྒལ་པོའི་རྐུབ་ལ་ཁྱི་ལྟར་རྒྱག
    འ་ཅག་བཙན་པོ་གསོད་མཁན་གླེན་པ་ཅན།
    ཡ་རབས་རེད་པས་ཁྱོད་ཚོ་བསམ་བློ་གཏོང་།
    ར་མ་ལུག་བཞིན་ཆོས་དང་ཆོས་མིན་བསྲེད།
    ལ་བའི་འོག་ནས་གཞན་རྒྱུ་ཁོ་ནར་འཐམ།
    ཤ་ཆང་རྒྱོ་སོགས་སྔགས་པ་ཟེར་ནས་སྤྱོད།
    ས་བཅུ་ཐོབ་རྒྱུ་རེད་དམ་བོད་པ་ཚོ།
    ཧ་ཧ་བགོད་མོ་བྲོ་བའི་བོད་པ་ཚོ།
    ཨ་རིའི་ཡུལ་ལ་མང་དུ་མང་དུ་རེད།
    མདོར་ན་ཆོས་ཀྱིས་བོད་འདི་མུན་པར་བཅུག
    བཤད་ན་ཆོས་པས་བོད་འདི་དགྲ་ལ་བསྐྱལ།
    བསམ་ན་ཆོས་དང་ཆོས་པ་བོད་ཀྱི་དགྲ།
    བྱུང་ན་དང་པོ་འདི་གཉིས་སྤོངས་དགོས་འདུག
  2. #2 མགོན་པོ་ཕྱག་གཉིས་པ། ་ལགས་ཀྱིས་སྤེལ་དོན།: 
    ཀ་ཁ་ག་ངའི་ཉོག་རྩོམ་ཀློག་ཀློག་ནས།།
    ཁ་ལྕེ་དམར་པོ་ད་ལྟ་སྐམ་ནས་ཡོད།།
    ག་ཡིན་འདི་ཡིན་མང་པོ་མ་འབྲི་བར།།
    ང་རང་ང་རང་ས་རུ་སྡོད་དུ་ཆུག
    ཅ་ཅོ་མང་པོས་རྣ་བ་འོན་མ་འཇུག།
    ཆ་ལུགས་སྨྱོན་པས་ཡིད་ཐང་ཆད་མ་འཇུག།
    ཇ་ཆང་དྲངས་རྒྱུ་ཡོད་ན་ཁྱེར་ལ་ཤོག།
    ཉྭ་སུག་འདར་བཞིན་འདར་བཞིན་འཐུང་གི་ཡིན།།
  3. #3 kunchok ་ལགས་ཀྱིས་སྤེལ་དོན།: 
    གོང་གི་ཀ་ཕྲེང་འདི་གཉིས་ལ་ལྟོས་དང་རང་རེའི་ཤེས་ཡོན་པའི་དཔུང་སྡེ་རིགས་མ་འདྲ་བ་གཉིས་ཀྱི་བསམ་བློའི་གོ་རྟོགས་མཐོང་ཡོང་། འགོང་བོ་འདིའི་གྲས་མཁས་མདོག་དང་སེམས་ཤུགས་ཡོད་མདོག་བསྟན་པ་མ་གཏོགས་བསམ་བློ་གཏོང་སྟངས་འདི་རང་རེའི་ད་ལྟའི་དུས་འདིར་རན་པོ་མེད་པ་མ་ཟད་འདིའི་ཉེན་ཁའི་རང་བཞིན་ཡང་བོད་མི་བསམ་ཡོད་ཐམས་ཅད་ཀྱིས་སྔ་མོ་ནས་ཤེས་ཡོད། ཁྱོད་གཉིས་ལ་ཁ་གཏད་འདི་ལས་མེད་ན་བཙན་བྱོལ་ལ་ཡོང་དགོས་དོན་ཅང་མི་འདུག་ག ག་རེ་བྱས་ནས་ཡོང་བ་ཡིན་པ། ཁྱོད་གཉིས་ཀྱི་དོན་དག་གུང་ཁྲན་གྱི་འོག་ཏུ་ཡང་འགྲིག་འགྲོ་མདོག་ཁ་བོ་མི་འདུག་གམ། གུང་ཁྲན་གྱིས་བོད་མི་མེད་བརླག་ཏུ་གཏོང་དགོས་ན་ཐོག་མར་ཆོས་དང་ཆོས་པ་འདི་མེད་པར་བཟོ་དགོས་པ་གནད་འགག་ཞིག་ལ་མཐོང་གི་ཡོད། ཁྱོས་ཆོས་དང་ཆོས་པ་མེད་པར་གཏོང་གི་ཡིན་ན་
    མྱུར་ཏུ་མགོ་བཏགས་ན་དགའ་ས་མ་རེད་པས། ཕོགས་དང་དཔའ་དར་ཡང་འཐེན་ཡོང་གི་རེད།
  4. #4 དགེ་འདུན་མཐར་ཕྱྱིན་ ་ལགས་ཀྱིས་སྤེལ་དོན།: 
    ཀ་བཤད་བྲིས་པ་དོན་ཆུང་མིན།།
    ཁ་ནས་ཐོན་ཚད་དོན་ཆེན་མིན།།
    ག་རུ་འགྲོ་ཡང་དོནཡོད་པ་།།
    ང་ཡི་སེམས་ལ་རག་ལས་ཡོད།།
    ཅ་ལག་ཡོད་ཚད་གོ་མི་ཆོད།།
    ཆ་ལུགས་ཚང་མ་མཛེས་པ་མིན།།
    ཇ་ཆང་ཐུང་ཚད་དོན་མེད་མིན།།
    ཉ་གའི་ལག་ལེན་ཤེས་ན་བཟང་།།
    ཏ་ལའི་ལོ་མ་བཟང་པོ་དེ།།
    ཐ་མལ་སྐྱེ་བོར་སིལ་གྲིབ་གཏེར།།
    ད་རེང་ཉི་མ་སྐྱིད་པོ་དེ་།།
    ན་ཚ་སེལ་བར་ཡང་ཕན་ཀྱི།།
  5. #5 dorwang ་ལགས་ཀྱིས་སྤེལ་དོན།: 
    ཀ་རྩོམ་འདི་འདྲ་མ་བཀླགས་ལོ་ཤས་ཕྱིན།།
    ཁ་ནང་ལྕེ་འདི་མ་འགུལ་ཟླ་གསུམ་འགོར།།
    ང་རྒྱལ་མགོ་བོ་མ་བཀྱགས་ཉིན་གསུམ་ཡིན།།
    ག་ས་གང་ནས་འདི་ཚོས་སྡོད་མ་བཅུག
    ཅ་ཅོའི་སྐད་ངན་སྒྲོག་འདིའི་དགོས་པ་ཅི།།
    ཆ་མེད་རྒྱུས་མེད་གཏམ་འདི་ས་ལ་གཟས།།
    ཇ་ཆང་འཐུས་རེས་ཆང་ཕོར་བརྩད་རེས་མེད།།
    ཉ་ཉོག་གཏམ་སྟོབས་ཚད་དོན་ཅི་ཞིག་ཡིན།།
    ཏ་ན་མ་ན་ཏག་ཏག་ཅང་མ་རེད།།
    ཐ་ཤལ་མྱི་ངན་རིགས་ཀྱང་མ་རེད་དེ།།
    ད་ལྟའི་སྤྱོ་སྟངས་འདི་འདྲ་ཤེས་ཡོན་པའི།།
    ན་ནིང་དོ་ཚིགས་གཤིས་ལ་འཇགས་ནས་འདུག།
    པ་ལོ་བཅད་དང་མ་བཅད་གང་ཡང་རུང༌།།
    ཕ་རྒོད་རྡོ་རྗེ་འཆང་གི་ཞལ་གདམས་དག།
    བར་མ་དོ་ནས་མ་སྐྱུར་ཉམས་སུ་ལོངས།།
    མ་གྱུར་ཐམས་ཅད་བདེ་བའི་ལམ་འདིས་སྟོན།།
    ཙག་དང་བསེར་བུའི་གཤགས་འདྲའི་ཁ་སྒོ་ནས།།
    ཚ་གྲང་མཉམ་དུ་འཐབ་པའི་རྟགས་བསྟན་ཏེ།།
    ཛ་དྲག་དུས་ཀྱི་འབོད་པའི་རྟར་བཏགས་ནས།།
    ཝ་མ་ཝོལ་གྱི་སེམས་འཚབ་མ་བྱེད་ཅིག།
    ཞ་ཉེ་མྱེ་ལ་གཞུས་ན་རང་གཟུགས་འཆོར།།
    ཟ་མ་ཟ་ཚོད་ཟིན་ན་འབྱུང་གཞི་བདེ།།
    འ་འུར་གཏམ་དོན་ཉུང་ན་སེམས་པ་བདེ།།
    ཡ་རབས་དམ་པའི་གཤིས་དག་རྒྱན་དུ་ལོངས།།
    ར་ལྡན་རྒྱལ་པོས་རབ་བྱུང་སྡེ་བའི་སྐྱིད།།
    ལ་དགུ་ལུང་དགུར་བདས་པའི་བྱུང་བ་དེར།།
    ཤ་འཁོན་ཞེ་འཁོན་བྱེད་པ་ཡིན་ཆུགས་ཀྱང༌།།
    ས་དང་ལམ་གྱི་ཕ་རོལ་སྙེགས་འདོད་དག།
    ཧ་ལམ་ཆོས་ཉིད་བཀའ་ལུང་བརྩི་བར་འདུག།
    ཨ་མཚར་རྩེད་མོའི་ཚུལ་དུ་འདི་ཐལ་ལོ།།
  6. #6 རིག་འཛིན་བསོད་ནམས། ་ལགས་ཀྱིས་སྤེལ་དོན།: 
    རིག་འཛིན་བསོད་ནམས་ནས།
    ཀ་རྩོམ་འདི་འདྲ་མ་བཀླགས་ལོ་ཤས་ཕྱིན།།
    ཁ་ནང་ལྕེ་འདི་མ་འགུལ་ཟླ་གསུམ་འགོར།།
    ང་རྒྱལ་མགོ་བོ་མ་བཀྱགས་ཉིན་གསུམ་ཡིན།།
    ག་ས་གང་ནས་འདི་ཚོས་སྡོད་མ་བཅུག
    ཅ་ཅོའི་སྐད་ངན་སྒྲོག་འདིའི་དགོས་པ་ཅི།།
    ཆ་མེད་རྒྱུས་མེད་གཏམ་འདི་ས་ལ་གཟས།།
    ཇ་ཆང་འཐུས་རེས་ཆང་ཕོར་བརྩད་རེས་མེད།།
    ཉ་ཉོག་གཏམ་སྟོབས་ཚད་དོན་ཅི་ཞིག་ཡིན།།
    ཏ་ན་མ་ན་ཏག་ཏག་ཅང་མ་རེད།།
    ཐ་ཤལ་མྱི་ངན་རིགས་ཀྱང་མ་རེད་དེ།།
    ད་ལྟའི་སྤྱོ་སྟངས་འདི་འདྲ་ཤེས་ཡོན་པའི།།
    ན་ནིང་དོ་ཚིགས་གཤིས་ལ་འཇགས་ནས་འདུག།
    པ་ལོ་བཅད་དང་མ་བཅད་གང་ཡང་རུང༌།།
    ཕ་རྒོད་རྡོ་རྗེ་འཆང་གི་ཞལ་གདམས་དག།
    བར་མ་དོ་ནས་མ་སྐྱུར་ཉམས་སུ་ལོངས།།
    མ་གྱུར་ཐམས་ཅད་བདེ་བའི་ལམ་འདིས་སྟོན།།
    ཙག་དང་བསེར་བུའི་གཤགས་འདྲའི་ཁ་སྒོ་ནས།།
    ཚ་གྲང་མཉམ་དུ་འཐབ་པའི་རྟགས་བསྟན་ཏེ།།
    ཛ་དྲག་དུས་ཀྱི་འབོད་པའི་རྟར་བཏགས་ནས།།
    ཝ་མ་ཝོལ་གྱི་སེམས་འཚབ་མ་བྱེད་ཅིག།
    ཞ་ཉེ་མྱེ་ལ་གཞུས་ན་རང་གཟུགས་འཆོར།།
    ཟ་མ་ཟ་ཚོད་ཟིན་ན་འབྱུང་གཞི་བདེ།།
    འ་འུར་གཏམ་དོན་ཉུང་ན་སེམས་པ་བདེ།།
    ཡ་རབས་དམ་པའི་གཤིས་དག་རྒྱན་དུ་ལོངས།།
    ར་ལྡན་རྒྱལ་པོས་རབ་བྱུང་སྡེ་བའི་སྐྱིད།།
    ལ་དགུ་ལུང་དགུར་བདས་པའི་བྱུང་བ་དེར།།
    ཤ་འཁོན་ཞེ་འཁོན་བྱེད་པ་ཡིན་ཆུགས་ཀྱང༌།།
    ས་དང་ལམ་གྱི་ཕ་རོལ་སྙེགས་འདོད་དག།
    ཧ་ལམ་ཆོས་ཉིད་བཀའ་ལུང་བརྩི་བར་འདུག།
    ཨ་མཚར་རྩེད་མོའི་ཚུལ་དུ་འདི་ཐལ་ལོ།།
  7. #7 སྟག་སྨྱོན། ་ལགས་ཀྱིས་སྤེལ་དོན།: 
    ཀ་ཁ་ཤེས་མཁན་ཚང་མ་ཁ་བདེ་ཆགས།
    ཁ་ཁ་ཏིག་ཏའི་རྩོམ་ཡིག་གང་ག་ཚོད་འདུག།
    ག་ས་གང་གི་མི་རྐྱང་ངར་མ་ཚོས།།
    ང་ཡིན་ཁྱོད་ཡིན་ཟེར་ང་རྒྱལ་ངོམ།།
  8. #8 སྟག་སྨྱོན། ་ལགས་ཀྱིས་སྤེལ་དོན།: 
    ཀ་ཁ་ཤེས་མཁན་ཚང་མ་ཁ་བདེ་ཆགས།
    ཁ་ཁ་ཏིག་ཏའི་རྩོམ་ཡིག་གང་ག་ཚོད་འདུག།
    ག་ས་གང་གི་མི་རྐྱང་ངར་མ་ཚོས།།
    ང་ཡིན་ཁྱོད་ཡིན་ཟེར་ནས་ང་རྒྱལ་ངོམ།།
  9. #9 མིའུཕྲུག ་ལགས་ཀྱིས་སྤེལ་དོན།: 
    ཀྱང་ཆོག། །།
    ཀ་སོགས་དབྱངས་ཀྱི་སྦྱོར་བ་ཤེས་ཙམ་ནས།།
    ཁ་ནས་འཆལ་གཏམ་བརྡོལ་བའི་སྨྱོན་པ་འགས།།
    ག་དུས་ཡིན་ཀྱང་རང་རིགས་སྨད་པ་འདི།།
    ང་ཅག་བོད་པ་ཚང་གི་ཞབས་འདྲེན་ཡིན།།
    ཅ་ཅོ་གཏམ་གྱིས་དམ་པའི་ཚུལ་ལ་བརྒོལ།།
    ཆ་ལུགས་སྤྱོད་པས་སྨྱོན་པའི་རང་མཚང་འབྱིན།།
    ཇ་ཆང་ཟས་ཀྱིས་གྲོད་པ་འགྲང་བ་ན།།
    ཉ་ཉོག་ཚུལ་གྱིས་ཕ་མེས་ལ་ཡང་གཤེར།།
    ཏྰ་ལི་བླ་མའི་རྨད་བྱུང་དགོངས་སྤྱོད་ལ།།
    ཐ་ན་ཕྱི་རོལ་པས་ཀྱང་བཀུར་ན་ཡང་།།
    ད་གཟོད་སྙིང་ཁམས་གདོན་གྱིས་སྨྱོས་པ་ཡི།།
    ན་གཞོན་བོད་ཕྲུག་འགའ་ཡིས་སྐུར་འདེབས་མཚར།།
    པ་སངས་ལྟར་དཀར་ལྷག་བསམ་ཟླུམ་པོ་ཡི།།
    ཕ་མེས་དམ་པའི་མཛད་རྗེས་ངོ་མཚར་མོད།།
    བ་ལང་ལྟ་བུའི་རང་རིགས་ཀླད་མེད་འགས།།
    མ་འདོད་ཀུ་ཅོ་སྒྲོག་འདི་བཞད་གད་གནས།།
    ཙྭ་རི་ལ་སོགས་རང་གནས་གཞན་ལག་ཤོར།།
    ཚ་དྲོད་གདུང་བའི་ཡུལ་དེར་སྐྱབས་བཅོལ་བའི།།
    ཛ་དྲག་ད་ལྟའི་གནས་བབ་མི་སེམས་པ།།
    ཝ་བཞིན་རང་རིགས་སྨོད་འདིར་མི་མཚར་རམ།།
    ཞྭ་བཞིན་གཙུག་ཏུ་བཀུར་འོས་དམ་པའི་ཆོས།།
    ཟ་གྱོན་གནས་བབ་ཙམ་དུ་བརྗེ་བྱས་ནས།།
    ཡ་རབས་དམ་པའི་ལུགས་ལ་བརྒོལ་བ་ཡི།།
    འ་ཅག་བོད་ཕྲུག་འདི་རྣམས་སྙིང་རྗེའི་ཡུལ།།
    རྭ་བ་གངས་རིའི་ལྗོངས་ཀྱི་བསྟན་སྲིད་ལ།།
    ལ་རྒྱའི་འདུན་པ་བརྟན་པའི་མིའུ་ཕྲུག་དེས།།
    ཤ་ཞེན་སྙིང་དུ་བསྐྱིལ་བའི་སེམས་གཏམ་འགའ།།
    ས་ཕྱོགས་གང་སར་གནས་པའི་དྲ་གྲོགས་ལ།།
    ཧ་ལམ་རྩེད་མོའི་ཚུལ་དུ་ཕུལ་ན་ཡང་།།
    ཨ་ཕོ་འགའ་ཡིས་བདེན་དུ་འཛིན་ཆོག། །།
  10. #10 zam ling ་ལགས་ཀྱིས་སྤེལ་དོན།: 
    ཙ་ར་ཙི་རེའི་ཀ་བཤད་མང་དྲག་ནས།།
    ཚ་བ་ཆེ་ཡང་ཁ་ཁར་བསྡོད་མ་བཅུག།
    ཛ་ར་ཛོ་རེའི་ནང་དོན་མང་དྲག་ནས།།
    ་ལེར་ལངས་ནས་ཚིག་འདི་འབྲི་དགོས་བཟོས།།
    ཞ་མོ་སེར་པོ་དཀར་པོ་དམར་པོ་དང་།།
    ཟ་མ་མངར་མོ་སྐྱུར་མོ་ཚ་བོ་སོགས།།
    འ་ཆད་འུ་ཐུག་ངང་ནས་བཟོས་བཟོས་ནས།།
    ཡ་མེད་ཆ་མེད་གཏམ་མེད་གནས་སུ་འཁྱར།།
    ར་མ་ལུག་གི་གཞུང་གི་ནང་དུ་བསྡད།།
    ལ་ལ་བཀའ་བློན་ལ་ལ་དྲུང་ཆེ་སོགས།།
    ཤ་ཚ་མེད་པའི་མི་སྣ་དེ་ཚོ་ནི།།
    ས་འོག་འབུ་བཞིན་ཡིབ་ས་འཚོལ་བཞིན་འདུག།
    ཧ་ཅང་བསྙན་པོ་མེད་ཀྱང་གཏམ་འདི་ནི།།
    ཨ་མའི་སླབས་པའི་ཚིག་བཞིན་གཅེས་པ་ཡིན།།